དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཐང་ཆེན་ཞབས་བྲོ་ཨང་དགུ་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཁྱབ་གདལ་གཏོང་ཡོད།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་རིང་སྒྲོལགམ། དུས་ཚོད། 2017-11-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1635

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་ཁུལ་རིག་གནས་ཁང་གིས་ཟླ11པའི་ཚེས་21ཉིན་ནས་ཟླ་12པའི་ཚེས་21ཉིན་ཏེ་དུས་ཡུན་ཟླ་བ་གཅིག་གི་རིང་དུ་གྲོང་ཁྱེར་ནང་ཁོངས་ཀྱི་ཐང་ཆེན་སོ་སོར་ཨང་དགུ་པའི་ཐང་ཆེན་ཞབས་བྲོ་ཁྱབ་གདལ་གཏོང་རྒྱུ་རེད།

        ཐེངས་འདིར་གསོ་སྐྱོང་སྦྱོང་བརྡར་བྱེད་པའི་ཐང་ཆེན་ཞབས་བྲོ་ཨང་དགུ་པ་འདི་ནི། རིག་གནས་ཁང་གི་ལས་བྱེད་མི་སྣས་ཟླ་5པ་ནས་བཟུང་གྲོང་གསེབ་ཏུ་སོང་ནས་དམངས་སྲོལ་འཚོལ་བསྡུ་བྱས་པ་དང་།  དཔྱད་གཞི་སྡུད་པ།  རོལ་དབྱངས་བཟོ་སྐྲུན་བྱས་པ།  གོམ་སྟབས་སྒྲིག་པ་སོགས་ཀྱི་རྨང་གཞིའི་སྟེང་དུ་གྲུབ་པ་རེད།  ཞབས་བྲོ་དེ་ཁྱོན་བསྡོམས་ལེ་ཚན་དྲུག་ཏུ་དབྱེ་ཡོད་དེ་གཙོ་བོ་བོད་ཀྱི་གཞས་དང་། དབྱི་རིགས་དང་མའོ་རིགས།  འཇང་རིགས་དང་ལི་སུའུ་རིགས་ཀྱི་དམངས་ཁྲོད་གཞི་རྒྱུ་ལས་གྲུབ་པས་སྔོན་མའི་ཐང་ཆེན་ཞབས་བྲོ་འགའ་དང་བསྡུར་ན་ཞབས་བྲོ་གསར་པ་འདིས་མང་ཚོགས་ཀྱི་བསམ་འཆརབསྡུ་ལེན་བྱེད་དེ་མང་ཚོགས་ཀྱི་ནང་ཞུགས་རང་བཞིན་དང་རོལ་རྩེད་རང་བཞིན་འབུར་དུ་ཐོན་པར་བྱས་ཡོད་པ་མ་ཟད།   བདེ་ཆེན་རང་སའི་རོལ་དབྱངས་དང་ཞབས་བྲོའི་གཞི་རྒྱུ་གང་ལེགས་བེད་སྤྱོད་གཏོང་བ་དང་།   དེང་རབས་ཅན་གྱི་ཞབས་བྲོའི་མཚམས་ཚིགས་དང་འདྲེས་ནས་རོལ་ཚིགས་གསལ་བ་དང་སྦྱོང་བདེ་བ།   ཁྱབ་གདལ་གཏོང་སླ་བར་འགྱུར།   གཙོ་བོའི་གསོ་སྐྱོང་སྦྱོང་བརྡར་ནི་ཟླ10པའི་ཚེས་18ཉིན་ནས་ཟླ11པའི་ཚེས་7ཉིན་གྱི་བར་དུ་ཁུལ་རིག་གནས་ཁང་དུ་སྤེལ་བ་དང་ཐང་ཆེན་ཞབས་བྲོ་དགའ་མཁན་དང་རིག་གནས་ཁང་གི་དང་བླངས་མཁན་སོགས་མི་4000ལྷག་གསོ་སྐྱོང་སྦྱོང་བརྡར་དུ་ཞུགས་ཡོད།  

        མིག་སྔར།  དགོང་རྒྱུན་དུ་གྲོང་མི་མི་ཉུང་བ་ཞིག་གིས་ཐང་ཆེན་ཞབས་བྲོ་གསར་པ་ཁྱབ་གདལ་གཏོང་བའི་བྱེད་སྒོར་ཞུགས་ཡོད།  ཐང་ཆེན་ཞབས་བྲོ་དེ་མི་རྣམས་ལུས་ཕུང་སྦྱོང་བརྡར་བྱེད་པ་དང་རོལ་རྩེད་བྱེད་པའི་བྱེད་ཐབས་གལ་ཆེན་དུ་འགྱུར་ཡོད་དེ་གང་ལེགས་ཀྱིས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་ཚིམ་ཡོད་པ་དང་མི་རིགས་རིག་གནས་ལས་དོན་གྱི་དར་འཕེལ་སྐུལ་སྤེལ་གཏོང་ཡོད།