དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
མྱི་ཟུར་སྟོན་མཇུག་གི་མཛེས་ལྗོངས།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1794


       སེམས་ཀྱི་ཉི་ཟླའི་སྟོན་ཁའི་མཛེས་ལྗོངས་ནི་ཁ་བ་ལྷུབ་ལྷུབ་ཏུ་འབབ་པའི་མཉམ་དུ་རྒྱང་དུ་ཡལ་ཞིང་།མཛེས་སྡུག་ལྡན་པའི་མྱི་ཟུར་ཆུ་བོའི་ངོགས་ལ།དགུན་ཁ་དུས་ལྟར་བྱུང་མོད།འོན་ཀྱང་མཐའ་མཇུག་གི་སྟོན་ལྗོངས་ད་དུང་དེ་བས་མཛེས་སུ་གྱུར་ཡོད།སྟོན་ཁའི་མཛེས་ལྗོངས་དང་ལོ་མ་ཞིག་དང་དུས་ཚོད་ཅིགད་དུང་འདས་དོན་ཞིག་སོགས་དེར་འཇོག་ཐུབ་པ་རེད།    

       བསིལ་རླུང་གིས་བསྐྱར་དུ་མྱི་ཟུར་ཆུ་བོའི་ངོགས་ལ་ལྡང་ཞིང་།དེ་ནི་སྟོན་རླུང་ཡིན་པའམ་དགུན་དུས་ཀྱི་འཁྱག་རླུང་ཡིན་པར་ཤེས་མེད།ཚོན་དོག་མི་འདྲ་བའི་ལོ་མ་གཅིག་རྗེས་གཉིས་མཐུད་དུ་ལྷུང་ནས།མྱི་ཟུར་ཆུ་བོའི་མཐའ་སྐོར་གསེར་མདོག་ཏུ་གྱུར་བ།

      མྱི་ཟུར་ཆུ་བོ་ནི་ནགས་ཚལ་ཁྲོད་དུ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་བཞུར་ཡོད་ལ།ཆུ་བོའི་ངོགས་གཉིས་ཀྱི་ལྗོན་པའི་ལོ་མ་ཆུ་ངོས་སུ་ལྷུང་ནས།གྲུ་བ་དང་འདྲ་བས་ཆུ་བོ་དང་མཉམ་དུ་བཞུར་ཡོད་ད།ཡུལ་སྐོར་བ་རྣམས་མཛེས་ལྗོངས་དེར་སླེབས་ན་ཞེན་ཆགས་ཏེ་ལོག་བརྗེད་བ་རེད།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)