དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།བཟོ་ལས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གིས་བདེ་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་བཟོ་ལས་དང་ཆ་འཕྲིན་ལས་ཀ་སྐས་རིམ་གསར་བར་བསྐྱོད་པར་སྐུལ་འདེད་བཏང་བ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། པདྨ་མཚོ། དུས་ཚོད། 2017-11-30 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 736

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཟླ11པའི་ཚེས24ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་འབྲེལ་ཡོད་སྡེ་ཁག་སྣེ་ཁྲིད་དེ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་དུ་འབྲེལ་མཐུད་ལས་ཀའི་སྙན་ཞུ་ཞུས་པ་རེད།ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐང་གི་ཐང་ཀྲང་དབྱང་ཡུས་ཅན་དང་།ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཧྥུ་ཧྲེང་གིས་ལས་ཀའི་སྙན་ཞུ་ལ་གསན་རྗེས།ཤུགས་ཡོངས་ཀྱིས་བདེ་ཆེན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་།ཞིང་ཆེན་དང་ཁུལ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད།ཡུན་ནན་བོད་ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་།བཟོ་ལས་དང་ཆ་འཕྲིན་ལས་ཀ་སྐས་རིམ་གསར་པར་བསྐྱོད་པར་སྐུལ་འདེད་བྱས་ནས།བདེ་ཆེན་གྱིས་དུས་ལྟར་དབུལ་སྒྲོལ་མངོན་འགྱུར་བྱུང་བར་བྱས་རྗེས་གསར་བ་འཇོག་རྒྱུ་ཞེས་བསྟན་པ་རེད།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དུ་ཆི་ཅན་ཞིན་གྱིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཉེ་བའི་ལོ་འགའི་རིང་བོད་ཁུལ་མང་ཚོགས་ཀྱི་ལས་ཞུགས་དང་རྒན་གསོ།སྨན་བཅོས།ལས་བྱེད་མི་སྣའི་ཐོབ་ཐང་བཅས་ཐད་དུ་དམིགས་བསལ་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་ཡོད་པ་དང་།གོམ་པ་རྗེས་མར།ཞིང་ཆེན་ཐིང་གིས་གཙོ་བོར་རང་ཁུལ་གྱི་གནད་དོན་དྲུག་ཐག་གཅོད་བྱེད་པར་རེ་བ་བཅངས་རྒྱུ་ཡིན་ཏེ།གཅིག་ནི་རང་ཁུལ་གྱིས་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་འབྲེལ་མཐུད་བྱེད་པར་རོགས་བྱས་ནས།ཆུས་གསུམ་དང་ཁུལ་གསུམ་གྱི་འབྲེལ་ཡོད་རྣམ་གྲངས་དང་སྲིད་ཇུས་དོན་འཁྱོལ་བྱེད་པ།གཉིས་ནི་རང་ཁུལ་གྱི་ས་བབ་མཐོ་བའི་ས་ཁུལ་གྱི་ལས་ཞུགས་ལོ་གྲངས་ཕབ་རྩིས་ཀྱི་ཁ་གསབ་སྲིད་ཇུས་ཁྱབ་ཁོངས་འོས་འཚམ་གྱིས་ལྷུག་ཏུ་གཏོང་བ། གསུམ་ནི་རང་ཁུལ་གྱི་ གཞུང་ཞབས་པའི་གོ་གནས་ཀྱི་འགན་རིམ་མཉམ་བསྟར་ལམ་ལུགས་ཁྲོད་འགན་རིམ་གོང་འཕར་ཆ་རྐྱེན་ལྷུག་ཏུ་གཏོང་བ།བཞི་ནི་ཁུལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།ལྔ་ནི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་རྟེན་གཞི་འཛུགས་པ་དང་ཤེས་ལྡན་མི་སྣ་ནང་འདྲེན་དཀའ་ངལ་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུ།དྲུག་ནི་ཞིང་ཆེན་ཐིང་གིས་ཁུལ་ཡོངས་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱས་ཚུལ་ལ་ཆེད་དོན་བརྟག་ཞིབ་ཐེངས་རེ་བྱེད་རྒྱུ་མ་ཟད་གང་མགྱོགས་ཀྱིས་འབྲེལ་ཡོད་དམིགས་ཚད་འཐུས་ཚང་དུ་གཏོང་རྒྱུ།

 

        བདེ་ཆེན་གྱིས་བཏོན་པའི་གནད་དོན་དང་བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གཉིས་ཟུང་འབྲེལ་བྱས་ནས།ཞིང་ཆེན་ཐིང་གིས་གཙོ་བོ་ཕྱོགས་གསུམ་གྱི་ཐད་ནས་ལས་ཀ་སྒྲུབ་རྒྱུ་ཡིན་ཏེ།གཅིག་ནི་ངལ་རྩོལ་རྩལ་ནུས་གསོ་སྦྱོང་ཐད་དུ་བོད་ཁུལ་གྱི་མ་དངུལ་དང་རྣམ་གྲངས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་དེ་ལོ་རེར་འཕར་སྣོན་ཡོང་རྒྱུ་འགན་སྲུང་བྱེད་རྒྱུ།གཉིས་ནི་མཐུན་སྦྱོར་བཙུགས་ནས་བདེ་ཆེན་འདི་ཉིད་རང་རྒྱལ་གྱི་ཤར་རྒྱུད་མཚོ་འགྲམ་གྱི་དར་རྒྱས་ཆེ་བའི་ས་ཁུལ་ལས་མི་བཀོལ་སྤྱོད་མཐུན་སྦྱོར་ལམ་སྲོལ་བཙུགས་པ།གསུམ་ནི་དོན་དངོས་ཀྱིས་བོད་ཁུལ་གྱི་མི་བསྡུ་དཀའ་བ་དང་ཉེར་དཀའ་བའི་གནད་དོན་སོགས་ཐག་གཅོད་བྱེད་རྒྱུ་ཡིན་པ་རེད།

        ཆི་ཅན་ཞིན་གྱིས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཨུ་ལྷན་ལ་སྙན་ཞུ་ཞུས་སྐབས་ད་ལོའི་དུས་ཚིགས་གསུམ་པའི་སྔོན་ལ།ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་བྱུང་རྒྱུ་མངོན་འགྱུར་བྱུང་བ་དང་།ཐོན་རྫས་གཙོ་བོའི་སྤུས་ཚད་དེ་ན་ནིང་ལས་བཟང་ལ།བཟོ་ལས་དཔལ་འབྱོར་ཕན་ནུས་ཡང་ན་ནིང་ལས་བཟང་།གླིང་ཁུལ་གྱི་གཙོ་བོའི་དཔལ་འབྱོར་དམིགས་ཚད་ནི་ན་ནིང་གི་བཟང་བཞིའི་ཁྱད་ཆོས་ལས་བཟང་།སྔོན་རྩིས་ལྟར་ན་ད་ལོར་རང་ཁུལ་གྱི་བཟོ་ལས་ཡོངས་ཀྱི་འཕར་སྣོན་ཚད་ནི་10%ཡིན་པ་དང་།གཞི་ཁྱོན་ཡན་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་གཙོ་བོའི་ཡོང་འབབ་ནི་སྒོར་དུང་ཕྱུར42ལས་བརྒལ་ཡོད་པ་རེད།ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཨུ་ལྷན་གྱིས་ཕྱོགས་ལྔ་ཡི་ཐད་ནས་རྒྱབ་སྐྱོར་བྱེད་རྒྱུར་རེ་བ་ཞུས་ཡོད་དེ།གཅིག་ནི་མུ་མཐུད་དུ་རང་ཁུལ་གྱི་མཐོ་སྒང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ།གཉིས་ནི་བདེ་ཆེན་གླིང་ཁུལ་གྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།གསུམ་ནི་གཞི་རྩའི་སྒྲིག་གཞི་འཛུགས་སྐྲུན་དང་སྒྲིག་ཆས་སྡེབ་སྒྲིག་ཐད་དུ་རྒྱབ་སྐྱོར་བྱེད་རྒྱུ།བཞི་ནི་རང་ཁུལ་གྱི་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་སྔར་བས་ཆེན་པོ་བྱ་རྒྱུ།ལྔ་ནི་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་ཐད་གཟིགས་སྐྱོང་སྲིད་ཇུས་གནང་ནས་ཁུལ་ཡོངས་ཀྱི་བཟོ་ལས་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་རྒྱུ་བཅས་ཡིན་ཞེས་གསུངས།

        དབྱང་ཧྥུ་ཧྲེང་གིས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱས་པའི་“ཆུས་གསུམ་ཁུལ་གསུམ” དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་ལས་རིགས་ཀྱི་སྐུལ་ཁྲིད་ལ་བརྟེན་ནས་ས་གནས་དེ་གའི་ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་གཏིང་ཟབ་མཉམ་འདྲེས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་རྒྱུ་དང་།བདེ་ཆེན་གྱི་བཟོ་ལས་འཕེལ་རྒྱས་ཀྱི་རྨང་གཞི་མུ་མཐུད་སྲ་བརྟན་བཟོ་རྒྱུ།གང་མགྱོགས་ངང་4G དྲ་རྒྱ་དེ་ཡུན་ནན་བོད་ཁུལ་དུ་ཤར་གཏོང་དང་བཀོལ་སྤྱོད་བྱ་རྒྱུ་དོན་འཁྱོལ་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་ཞིང་ཝེ་ཏུང་དང་།ཁུལ་ཨུའི་རྒྱུན་ཨུ།ཁུལ་དཔོན་གཞོན་པ་ལི་ཡན་ལན།ཁུལ་དཔོན་གཞོན་པ་ཁྲེང་ཕེང་སོགས་ཚོགས་འདུར་ཞུགས་པ་རེད།

        

རྩོམ་སྒྲིག་པ། (པདྨ་མཚོ། )