དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
མ་འོངས་པའི་སྐར་ཆེན་ཞེས་པའི་ཀུན་ཕན་ཐེབས་རྩ་ཚོགས་པས་བདེ་ཆེན་གྱི་སློབ་མར་རོགས་དངུལ་གནང་བ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། པདྨ་མཚོ། དུས་ཚོད། 2017-11-30 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 798

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཟླ་11པའི་ཚེས་27ཉིན། བཟོ་ཞིང་ཏང་ཀྲུང་དབྱང་བུད་མེད་ཨུ་ཡོན་ལྷན་ཁང་དང་བཟོ་ཞིང་ཏང་ཀྲུང་དབྱང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། མ་འོངས་པའི་སྐར་ཆེན་ཀུན་ཕན་ཐེབས་རྩ་དོ་དམ་ཨུ་ཡོན་ལྷན་ཁང་། པེ་ཅིང་བཀོལ་བདེ་སློབ་གསོའི་སྒྲིག་ཆས་ཚད་ཡོད་འགན་འཁྲིའི་ཀུང་སི་བཅས་ཀྱིས་མཉམ་བསྒྲུབ་མཛད་པའི་མཉམ་དུ་སློབ་ཞུགས་རོགས་དངུལ་མཛད།། དབུལ་སྐྱོར་འཁྲེགས་གཏོར་གནད་ཁེལ་བྱ་ཞེས་པའི་སློབ་ཞུགས་སློམ་མར་རོགས་དངུལ་གནང་བའི་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སློབ་འབྲིང་གཉིས་པ་ནས་སྤེལ། 

        མཛད་སྒོའི་སྟེང་མ་འོངས་པའི་སྐར་ཆེན་ཀུན་ཕན་ཐེབས་རྩ་དོམ་དམ་ཨུ་ཡོན་ལྷན་ཁང་གིས་ད་རུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཆ་འཕྲིན་ཉེར་སྤྱོད་ཚོད་ལྟའི་སློབ་གྲྭར་སྒོ་བྱང་གནངས་པ་མ་ཟད། རིན་སྒོར་ཁྲི་60ལྷག་ཡིན་པའི་ཆ་འཕྲིན་མཁོ་ཆས་གནངས་པ་རེད། 

 

 

རྩོམ་སྒྲིག་པ། (པདྨ་མཚོ། )