དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
ཁེ་ལས་དང་ཞིང་དུད་མཉམ་ལས་བྱས་པས་ཕྱུག་འགྱུར་ལམ་བུ་དེ་བས་ཡངས།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-12-04 རྩོམ་ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 1392

    

        ཉེ་བའི་ལོ་ཤས་རིང་།མངའ་རིས་ས་ཁུལ་གྱིས་དབུལ་སྐྱོར་སྣེ་ཁྲིད་པའི་ཁེ་ལས་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས།ཐོན་ལས་རྟེན་གཞི།ཞིང་དུད་བཅས་དེ་བས་མཉམ་ལས་བྱེད་པའི་ཐོན་ལས་ཅན་གྱི་དབུལ་སྐྱོར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་དབུལ་སྐྱོར་གསར་སྤེལ་ཐོན་ལས་འདེགས་སྐྱོར་གྱི་རྟེན་གཞི་བཙུགས་ཏེ་ཞིང་འབྲོག་པར་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་རྒྱུར་ལྕག་སྐུལ་བྱས་པ་རེད།དུད་ཚང་དབུལ་པོར་འདེགས་སྐྱོར་བྱེད་པའི་མ་དངུལ་དེ་མ་རྐང་ལ་ཞུགས་པའི་རྣམ་པར་བརྟེན་ནས་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་ཀྱིས་མཉམ་དུ་གཉེར་རྒྱུར་བཏང་བས་འདྲ་མཉམ་གཉིས་ཕན་དང་།ཉེན་ཁ་མཉམ་ཁུར།ཁེ་ཕན་མཉམ་སྤྱོད།ཡུན་རིང་ཕན་པ་ཐོབ་པ་བཅས་བྱུང་ཡོད།སུར་པན་ལས་སྣོན་དང་།སྤོས་བཟོ་བ།བོད་བྱ་གསོ་ཚགས།མི་རིགས་ཀྱི་གྱོན་ཆས་བཟོ་བ་སོགས་ཀྱི་ཁྱད་ལྡན་ཐོན་ལས་དང་དེ་བཞིན་དཔལ་འབྱོར་མཉམ་ལས་རྩ་འཛུགས་མང་དག་ཅིག་ཐོན་ནས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པ་མ་ཟད།དེ་གའི་ཞིང་འབྲོག་པ་ཕྱུག་འགྱུར་ལམ་དུ་བསྐྱོད་རྒྱུར་སྣེ་ཁྲིད་ཀྱང་ཐུབ་ཅིང་།འདི་ནི་མངའ་རིས་ས་ཁུལ་སྒར་རྫོང་གི་སུར་པན་ལས་སྣོན་ཁང་དུ་ལས་དོན་པས་ཐོན་རྫས་ལ་ཐུམ་སྒྲིལ་རྒྱག་པའི་གནས་ཚུལ་ཡིན་པ།

 

རྩོམ་སྒྲིག་པ། (པདྨ་མཚོ། )