དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཀན་སུའུ་ཏུན་ཧོང་དུ“གསང་སྤྱོད་གསར་བརྗེ”ལས་མཛེས་ལྗོངས་ཁུལ་གྱི་རིག་སྟོབས་ཡུལ་སྐོར་ལ་སྐུལ་འདེད་ཐེབས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-12-06 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 1478

   འདི་ལོ་ཚུན་དུ།ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་གྱིས“གསང་སྤྱོད་གསར་བརྗེར”སྐུལ་འདེད་ཤུགས་ཆེན་བཏང་སྟེ་མཛེས་ལྗོངས་ཁུལ་གྱི་གསང་སྤྱོད་འཛུགས་སྐྲུན་དང་དོ་དམ་བྱ་རྒྱུ་དེ་རིག་སྟོབས་ཡུལ་སྐོར་གྱི་ནང་དོན་གལ་ཆེན་དུ་བྱེད་པ་དང་གཙང་ཞིང་གྲལ་འགྲིག་པའི་གསང་སྤྱོད་དེ་ཡུལ་སྐོར་བར་ཞབས་འདེགས་ཞུ་བའི“དམངས་ཕན་འདུ་འགོད”དང་ཡུལ་སྐོར་གཟུགས་བརྙན་མངོན་པའི“ལྟ་ན་སྡུག་པའི་སྐར་ཁུང”ཞིག་ཏུ་གྱུར་ཞིང་།འདི་ནི་ཏུན་ཧོང་མིན་ཧྲ་རི་བོ་གཡོད་ཡ་ཆོན་མཛེས་ལྗོངས་ཁུལ་གྱི་གསང་སྤྱོད་ཡིན་པ།