དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
རིག་གནས་ལས་དམངས་ལ་ཕན་པ་ཐོབ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-12-07 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 846

    

    ཉེ་བའི་ལོ་ཤས་རིང་།གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་རིག་གནས་དམངས་ཕན་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་ཡོད།གསར་སྐྲུན་དང་།བསྐྱར་སྐྲུན།རྒྱས་སྐྲུན་བཅས་བྱས་པའི་གཞིས་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དུ་ནུས་མང་སྒྲིག་བཀོད་མང་བ་སྟེ།སྒྱུ་རྩལ་འགྲེམས་སྟོན་ཁང་དང་།རྡོ་བརྐོས་རིག་གནས་ཁང་།མང་ཚོགས་རིག་གནས་ལྟེ་གནས་སོགས་བསྐྲུན་ནས་མཛེས་སྡུག་ལྡན་པའི་བསམ་པའི་འཚོ་བར་འཆང་བའི་མི་དམངས་ཀྱི་དགོས་མཁོ་གསར་པ་སྔར་བས་བསྐངས་ཤིང་།འདི་ནི་ཉེ་ཆར་ཉེ་འགྲམ་གྱི་སྡེ་ཁུལ་མང་ཚོགས་ཀྱིས་རིག་གནས་བྱེད་སྒོ་ལྟེ་གནས་སུ་ཞབས་བྲོ་ནང་སྦྱོང་བྱེད་པའི་གནས་ཚུལ་ཡིན་པ།

 

རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)