དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
ཐ་མག་གཅོད་སྐབས་ཀྱི་སྤང་བྱའི་ཟས་རིགས་འགའ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-12-07 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 28

    འཚོ་བཅུད་རིག་པས་སྟོན་པར་གཞིགས་ན།ཐ་མག་གཅོད་པའི་རིང་།ཕོ་བ་རིལ་བུ་དང་།སུར་པན།ཙོང་།སྐེ་ཕྱེ་སོགས་ཀྱི་སྦྱོར་རྟའི་ཟས་རིགས་ཁ་སྣོན་རྒྱག་མི་རུང་།གང་ལགས་ཤེ་ན།ཁ་ཚ་བའི་ཟས་རིགས་ཀྱིས་འཇུ་བྱེད་དབང་པོར་ངར་སློང་བའི་དབང་གིས་ཐ་མག་ལ་དགའ་རུ་འགྲོ་གི་ཡོད།ཞག་ཚིལ་ཉུང་བའི་ཟས་རིགས་བཟས་ན་ཐ་མག་གཅོད་རྒྱུར་ཕན་ཐོགས་ཡོད།  

    དེར་ལ་ཕུག་གིས་ཐ་མག་གཅོད་པའི་ཐབས་བཟང་ཞིག་ཡོད་པ་སྟེ།སྔོན་ལ་ལ་ཕུག་གཙང་མ་བཀྲུས་རྗེས་ཕྲ་མོ་བཏུབས་ནས་སེང་རས་ཀྱིས་ལ་ཕུག་ཕྲ་མོ་དེ་དག་བསྒྲིལ་ཏེ་ཁུ་བ་བཏོན་རྗེས་ཡང་བསྐྱར་དེའི་ནང་མངར་ཆ་ཕྲན་བུ་བླུགས་ཏེ་རྟག་ཏུ་བཟས་ན་ཐ་མག་ལ་དབྱིངས་ཞུགས་ཚད་ཇེ་ཆུང་དུ་ཕྱིན་ནས་མཐར་ཐ་མག་གཅོད་ཐུབ།

 

 

རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)