དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཁྲེན་ཧའོ་ཡིས་བདེ་ཆེན་དུ་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་ཞིབ་དཔྱད་གནང་བ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་གཡང་མཚོ། དུས་ཚོད། 2017-12-07 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 818

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་12པའི་ཚེས་1ཉིན་ནས་ཚེས་2ཉིན་བར།ཡུན་ནན་ཞིང་ཨུའི་ཧྲུའུ་ཅི་ཁྲེན་ཧའོ་ཡིས་ཞིབ་འཇུག་བརྟག་དཔྱད་ཚོ་ཆུང་ཁྲིད་ནས་རྒྱལ་ཡོངས་ཀྱི་ཆུས་གསུམ་ཁུལ་གསུམ་དུ་གཏོགས་པའི་ཤིན་ཏུ་དབུལ་ཕོངས་ས་ཁུལ་གྲས་ཤིག་ཡིན་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཟབ་ཞུགས་བྱས་ནས་ཆེད་དོན་ཞིབ་འཇུག་བརྟག་དཔྱད་གནང་བ་དང་ས་གནས་དེ་གའི་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

        འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ནི་ཡུན་རིང་པོར་ཤིན་ཏུ་དབུལ་ཕོངས་ས་ཁུལ་དུ་གནས་པ་དང་98%ནི་ཞིང་ལས་མི་གྲངས་ཡིན།ཏང་ཀྲུང་དབྱང་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་བཟང་པོས་ས་གནས་དེ་གའི་མང་ཚོགས་ཀྱིས་ཧུར་ཐག་ངང་ཀྲུང་ལུགས་སྨན་རྫས་དང་།རྒུན་འབྲུམ་སོགས་ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱས་པའི་དུས་མཚུངས་སུ།ཤང་གྲོང་ཡུལ་སྐོར་འཕེལ་རྒྱས་བཏང་ཞིང་།མང་ཚོགས་རྣམས་ཀྱི་ཡོང་འབབ་མཐོ་རུ་སྤར་བ་རེད།

        ཡུང་ཁྲོན་ཤང་ཐུའོ་ཀྲི་གྲོང་སྡེ་ཕིན་པྰ་ཡུལ་མི་ཚོ་ཆུང་ནི་ས་བབ་མཐོ་བའི་རི་ཁུལ་དུ་ཆགས་ཡོད།ཡིག་ཚགས་དང་བྱང་བུ་བཟོ་བའི་དབུལ་ཕོངས་དུད་ཚང་ཕྱེད་ཙམ་ཡོད་པ་རེད།ཤང་ཏང་ཨུའི་ཧྲུའུ་ཅིས་མཚམས་སྦྱོར་བྱས་པ་ལྟར།ཡུང་ཁྲོན་ཤང་གིས་རྒུན་འབྲུམ་མུའུ་སྟོང་དང་ཀྲུང་ཧྭའི་སྦྲང་མ་སྒམ་སྟོང་།འབྲས་ཞིང་མུའུ་སྟོང་དུ་ཉ་གསོ་བ།ཤིང་ཏོག་མུའུ་སྟོང་།ཀྲུང་ལུགས་སྨན་རྫས་མུའུ་ཁྲི་སོགས་ཁྱད་ལྡན་གསོ་སྤེལ་གྱི་གནས་གཞི་བརྒྱད་བཙུགས་ཡོད།

        ཡུན་ནན་བོད་ཡུལ་ཐན་ཞང་ཆང་ལས་ཚད་ཡོད་ཀུང་སི་ཡིས་ཤིན་ཏུ་དབུལ་ཕོངས་ས་ཁུལ་དུ་རྒུན་འབྲུམ་འདེབས་འཛུགས་གནས་གཞི་ཐོག་མར་བཀོད་སྒྲིག་བྱས་ནས།ཞིང་དུད་ལ་རིན་མི་དགོས་པར་མྱུག་སོན་དང་ལག་རྩལ་ཁྲིད་སྟོན་མཁོ་སྤྲོད་བྱས་པ་དང་མང་ཚོགས་ཀྱི་ཕྱུག་འགྱུར་ལ་རོགས་རམ་བྱས་པ་རེད།ད་ལྟར་ཀུང་སི་ནི་མ་དངུལ་ཐད་དཀའ་ངལ་ཡོད་པའི་གནས་ཚུལ་རྒྱུས་ལོན་བྱས་རྗེས།ཁྲེན་ཧའོ་ཡིས་དུས་ཐོག་ཏུ་དངུལ་ཁང་གི་དངུལ་བུན་ལ་མཐུན་སྦྱོར་བྱེད་རོགས་གནང་བ་རེད།

        ཁྲེན་ཧའོ་ཡིས་བསྟན་དོན།ཐོན་ལས་ནི་འཕེལ་རྒྱས་ཕྱུག་འགྱུར་གྱི་རྨང་གཞི་ཡིན་པ་མ་ཟད།དེ་བས་ཀྱང་དབུལ་སྒྲོལ་གྱི་བརྟེན་གཞི་གཙོ་བོ་ཡིན་པ་རེད།རིམ་པ་ཁག་གི་སྲིད་གཞུང་གིས་ཞིང་འབྲེལ་ཁེ་ལས་ལ་ཞབས་འདེགས་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགོ་ཁྲིད་ནུས་ཤུགས་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ།ས་ཁོངས་ཀྱི་བསྡུར་མངོན་དགེ་མཚན་བཏོན་ནས།དུད་ཚང་ཡོངས་ཡོང་སྤར་རྣམ་གྲངས་ཡོད་པ་དང་མང་ཚོགས་ཡོངས་དབུལ་ཐར་ཐབས་ལམ་ཡོད་པར་ཁག་ཐེག་བྱེད་དགོས།

        ཡུང་ཁྲོན་ཤང་ཆིན་ཧྥུ་གྲོང་སྡེར་ཁྲེན་ཧའོ་ཡིས་ལི་སུའུ་རིགས་དང་བོད་རིགས།འཇང་རིགས།པའེ་རིགས་སོགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི།ཡུན་ནན་ཞིང་ཆེན་ནོར་སྲིད་ཐིང་གི་གྲོང་སྡོད་དབུལ་སྐྱོར་ལས་བྱེད་པའི་རུ་ཁག་བཅས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།ཁོང་གིས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་ཏང་ཀྲུང་དབྱང་དང་འབྲེལ་བ་ཡོད་པ་དང་།ཏང་ཀྲུང་དབྱང་གིས་རོགས་སྐྱོར་གནང་བའི་འོག འཚོ་བ་ལོ་རེ་བཞིན་ལེགས་པོ་ཡོང་རྒྱུ་རེད་ཅེས་གནང་བ་རེད།

        བདེ་ཆེན་ཁུལ་དང་རྫོང་།ཤང་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་སྙན་སེང་ཉན་རྗེས།ཁྲེན་ཧའོ་ཡིས་སྔར་ལས་ལྷག་པར་འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་དགོས་པ་དང་།གཞི་རིམ་ལས་བྱེད་པའི་དབུལ་སྐྱོར་ནུས་ཤུགས་དང་ཆུ་ཚད་མཐོ་རུ་གཏོང་དགོས།འབད་བརྩོན་གྱིས་སྤྱི་ཚོགས་ལས་རིགས་ཁག་གི་འཕེལ་རྒྱས་རྣམ་པ་གསར་པ་གསར་གཏོད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་ཁྲེན་ཧའོ་ཧྲུའུ་ཅིར་བཅར་འདྲི་བྱེད་བཞིན་པ།

        ཞིབ་འཇུག་རྟག་དཔྱད་ཚོ་ཆུང་གིས་ད་དུང་ཡུལ་དངོས་སུ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ལྡོག་འདྲེན་བྱེད་པའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་གནད་དོན་གྱི་ལེགས་སྒྲིག་གནས་ཚུལ་ལ་ཞིབ་འཇུག་བརྟག་དཔྱད་གནང་བ་རེད།

         ལིའུ་ཧའེ་ཡན་དང་།ཧོ་ཅིན་ཕིན་ཞིབ་འཇུག་བརྟག་དཔྱད་དུ་ཞུགས་ཡོད། 

 

རྩོམ་སྒྲིག་པ། (པདྨ་མཚོ། )