དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> གནས་སྐོར་མཛེས་ལྗོངས།
བཀྲ་ཤིས་པའི་འཇོལ་རྫོང་།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-12-08 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 878

            འཇོལ་རྫོང་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་མཐོ་སྒང་དུ་གནས་ཡོད་པ་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་ཁུལ་དུ་གནས་ཡོད། བྱང་ཕྱོགས་སུ་བོད་ལྗོངས་སྨར་ཁམས་རྫོང་དང་མུ་འབྲེལ་ཡོད་པ་དང་། ནུབ་ལ་བོད་ལྗོངས་མཛོ་སྒང་རྫོང་དང་རྫ་ཡུལ་རྫོང་དང་རང་ཞིང་ཆེན་གྱི་གུང་ཧྲན་རྫོང་དང་མུ་འབྲེལ་ཡོད་པ། ལྷོ་རུ་འབའ་ལུང་རྫོང་དང་མུ་འབྲེལ་ཡོད་པ།ཤར་ཕྱོགས་སུ་སི་ཁྲོན་ཞིང་ཆེན་གྱི་འབའ་ཐང་རྫོང་དང་སྡེ་རོང་རྫོང་དང་མུ་འབྲེལ་ཡོད།

ཁ་བ་དཀར་པོ།

         སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་7596ཡོད་པ་དང་།  བོད་རིགས་ནི་རྫོང་ཡོངས་སུ་ཁྱབ་ཡོད་ལ། ལི་སུའུ་རིགས་ནི་གཙོ་བོ་བྲག་ཞབས་ཤང་དང་ཐང་སྟེང་ཤང་གི་མངའ་ཁོངས་སུ་ཁྱབ་ཡོད། འཇང་རིགས་ནི་གཙོ་བོ་ཧྥུ་ཧྲན་ཤང་གི་དཔག་སྨད་དང་ཡན་མིང་ཤང་གི་མངའ་ཁོངས་སུ་ཁྱབ་ཡོད་ལ། དེ་མིན་པའེ་རིགས་དང་ཧུའེ་རིགས། དབྱིས་རིགས།ནུའུ་རིགས་སོགས་ཡོད་པ་རེད། བོད་སྐད་ནི་མི་རིགས་ཁག་གིས་སྤྱོད་ཡོད།

གླེགས་བམ་རྦབ་ཆུ།

མེ་ལོང་འཁྱངས་ཀླུང་།

        འཇོལ་རྫོང་གི་ལོ་རྒྱུས་ངོ་སྤྲོད་ཙམ་ཞུས་ན། ཧན་རྒྱལ་རབས་ནུབ་མ་ནས་རྒྱལ་རབས་ལྷོ་མ་དང་རྒྱལ་རབས་བྱང་མའི་བར་སྐབས་སུ་ཡུའེ་ཞི་ཅུན་(越西君)གྱི་མངའ་ཁོངས་སུ་གཏོགས་ཡོད།  ཐང་རྒྱལ་རབས་ཀྱི་དུས་འགོར་བོད་ལྕགས་ཟམ་དྲག་དཔུང་ས་ཆར་(吐蕃铁桥节度地)གཏོགས་པ་དང་། ཐང་རྒྱལ་རབས་སུ་ནན་ཀྲའོ་(南召)ཅན་ཁྲོན་(剑川)དྲག་དཔུང་གི་ས་ཆར་གཏོགས་པ་རེད། ཡོན་རྒྱལ་རབས་ཀྱི་སྐབས་སུ་ས་དམ་ལམ་ཞོན་ཧྥུ་སིའི་(宣抚司)ཁོངས་སུ་གཏོགས་པ།མིང་རྒྱལ་ཐབས་ཀྱི་སྐབས་སུ་ས་དམ་ཧྥུ་(丽江府)ཡི་ཁོངས་སུ་གཏོགས་པ།ཆིང་རྒྱལ་ཐབས་ཀྱི་སྐབས་སུ་འབའ་ལུང་ཐིང་(维西厅)གི་ཁོངས་སུ་གཏོགས་པ།ཀོན་ཞུའེ་(光绪)སུམ་ཅུ་སོ་གསུམ་ལོར་(1907ལོ)ཨ་བརྟན་རྩི་དྲག་གནོན(阿墩子弹压)ཨུ་ཡོན་བཙུགས་པ།མི་སེར་རྒྱལ་ཁབ་ཀྱི་ལོ་དང་པོར་(1912ལོ)སྲིད་འཛིན་ཨུ་ཡོན་བཙུགས་པ་རེད། མི་སེར་རྒྱལ་ཁབ་ཀྱི་ལོ་ཉི་ཤུ་རྩ་གཅིག་(1932ལོ)ལ།བདེ་ཆེན་གླིང་གི་མིང་སྤྱོད་དེ་མིང་བདེ་ཆེན་ཧྲེ་ཀྲི་ཅུས་(设治局)སུ་བསྒྱུར་བ་རེད།ཀྲུང་གོ་གསར་པ་བཙུགས་རྗེས།སྔར་བཞིན་བདེ་ཆེན་ཧྲི་ཀྲི་ཅུས་ཞེས་འབོད་པ་དང་།ས་དམ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་ཡོད།1650ལོའི་ཟླ་4པར།བདེ་ཆེན་རྫོང་བོད་རིགས་རང་སྐྱོང་ཁུལ་བཙུགས་པ།1965ལོར་འཇོལ་རྫོང་དུ་མིང་བསྒྱུར་བ་དང་།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པ་རེད།རྫོང་མཁར་ནི་ཧྲེང་ཕིང་གྲོང་རྡལ་དུ་ཆགས་ཡོད་པ་དང་།ཁུལ་སྲིད་གཞུང་གི་ལྟེ་བའི་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དང་བར་ཐག་སྤྱི་ལེ་180ཡོད་ལ།ཁུན་མིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་900ཡོད།

འཇོལ་རྫོང་དུ་མིང་གྲགས་ལྡན་པའི་གནས་ཆེན་ཁ་བ་དཀར་པོ་ཀྲོང་ངེར་ལངས་ཡོད་པ་དང་།རྫ་ཆུ་དང་འབྲི་ཆུ་དེའི་མངའ་ཁོངས་སུ་བཞུར་ཡོད།

པད་མ་རི་བོ།

འབྲི་ཆུའི་ཀྱོག་ཁུག་དང་པོ།

        གཙོ་བོའི་དཔྱད་གཞིའི་ཡིག་ཆ།《འཇོལ་རྫོང་གི་ས་མིང་རྒྱས་བཤད》(འཇོལ་རྫོང་མི་དམངས་སྲིད་གཞུང་གིས་བསྒྲིགས།1986ལོར་དཔེ་སྐྲུན་བྱས།)

 

 

 

རྩོམ་སྒྲིག་པ། (པདྨ་མཚོ། )