དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
མངལ་ཆགས་སྐབས་ངེས་པར་དུ་མཁོ་བའི་འཚོ་བཅུད་གང་དགོས་སམ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-12-12 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 154

   མངལ་ཆགས་སྐབས་ངེས་པར་དུ་མཁོ་བའི་འཚོ་བཅུད་འགའ་ཞིག་རྒྱུན་གཏན་ལས་མང་བ་དགོས་ལ་འགའ་ཞིག་རྒྱུན་གཏན་དང་གཅིག་པ་བྱེད་དགོས། མངལ་ཆགས་སྐབས་ངེས་པར་དུ་མཁོ་བའི་འཚོ་བཅུད་ནི་སྤྲི་དཀར་གྱི་རིགས་ཡིན་ཞིང་། དེ་ཡང་ཉ་ཤ་དང་། ཤའི་རིགས། སྒོ་ང་། འོ་མ། འོ་བཟོས་ཐོན་རྫས།སྲན་མ་དང་སྲན་མས་བཟོས་པའི་བཟའ་བཅའ་སོགས་ཀྱི་ནང་སྤྲི་དཀར་མང་པོ་འདུས་ཡོད།

   ཀལ་རིགས་ནི་འོ་བཟོས་ཐོན་རྫས་དང་མཚོ་སྐྱེས་སྔོ་རིགས་ཁྲོད་འདུས་ཚད་མཐོ་བ་དང་། ལྕགས་ནི་ཤ་མོ་ནག་པོ་དང་། ཧའེ་ཏའེ། སྨུག་ཚལ། ཕག་པའི་མཆིན་པ། སྲན་རིགས། སྒོ་ངའི་རིགས་སོགས་ཀྱི་བཟའ་བཅའི་ནང་འདུས་ཚད་ཕུན་སུམ་ཚོགས་པོ་ཡོད། རྣམ་ཀུན་སྦྲུམ་མར་མཁོ་བའི་འཚོ་བཅུད་སྔོ་ཚལ་དང་། ཤིང་ཏོག ཕག་པའི་མཆིན་པ། སྲན་རིགས་སོགས་ཀྱི་ནང་མང་པོ་ཡོད་ཅིང་། མངལ་ཆགས་སྐབས་སྦྲུམ་མར་འཚོ་བཅུད་སྣ་ཁ་མང་པོ་དགོས་པ་མ་ཟད། ཟས་རིགས་སྣ་ཚོགས་ཆ་སྙོམས་ངང་ཁ་སྣོན་རྒྱག་དགོས།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)