དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
བོད་ཤར་རྒྱུད་ཀྱི་རྣམ་པར་བཀྲ་བའི་མཚན་ལྗོངས།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-12-13 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 1867

        2012ལོའི་ཟླ་བཞི་པ་ནས་བཟུང་།མ་དངུལ་སྒོར་དུང་ཕྱུར་68.7བཏང་བའི་ཆབ་མདོའི་གྲོང་ཁུལ་རྙིང་པ་སྒྱུར་བཀོད་ལས་གྲྭའི་གྲོང་ཁུལ་གཙོ་བོ་དེ་སྤྱི་ལེ་ངོས་གྲུ་4.6ནས་སྤྱི་ལེ་ངོས་གྲུ་12.6བར་རྒྱ་སྐྱེད་བཏང་བ་དང་གྲོང་མི་དུད་ཚང་ཁྱོན་1300ལྷག་ཙམ་དེར་གནས་སྤོས་བྱས་པས་གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ནས་ས་ཁུལ་གྲོང་ཁྱེར་དུ་འགྱུར་བ་དང་རེས་སྐོར་གསར་པའི་གྲོང་ཁུལ་རྙིང་པ་སྒྱུར་བཀོད་ལས་དོན་ལ་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་བྱུང་བ་རེད། ཆབ་མདོ་གྲོང་རྡལ་བཅིངས་འགྲོལ་ཐང་ཆེན་དང་། ཇ་རྟ་ལམ་ཆེན། རྒྱལ་ཁ་ཟམ་ཆེན་སོགས་གྲོང་ཁྱེར་གྱི་ལམ་བུ་དང་། ཆུ་མཁོ་འདོན། སོལ་དལ་ཁུལ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འབོར་ཆེན་སྤྱིར་ན་བསྐྲུན་ཟིན་ནས་དེ་སྔའི་བཙོག་ཟིང་ཞན་གསུམ་གྱི་གྲོང་ཁུལ་རྙིང་པའི་རྣམ་པར་འགྱུར་ལྡོག་ཕྱིན་ཏེ་གྲོང་ཁྱེར་གསར་རྐྱང་ཞིག་རྫ་ཆུ་དང་ངོམ་ཆུ་མཉམ་བསྡུས་ཀྱི་ཟླ་ཆུའི་གཙང་འགྲམ་དུ་ཆགས་ཡོད།

 

རྩོམ་སྒྲིག་པ། (པདྨ།)