དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སིང་ཀ་ཕོར་དུ་འཚམས་འདྲི་གནང་བ།
རྩོམ་པ་པོ། མི་དམངས་དྲ་བའི་འཕྲིན། དུས་ཚོད། 2017-12-18 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 4396

   ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་མཁས་དབང་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ། དེ་བཞིན་བོད་རང་སྐྱོང་ལྗོངས་རིག་གནས་སྡེ་ཚན་གྱི་ལས་བྱེད་མི་སྣ་བཅས་ལས་གྲུབ་པའི་ཀྲུང་གོའི་རིག་གནས་སྤེལ་རེས་ཚོགས་པས་ཟླ་12ཚེས་11ཉིན་ནས་ཚེས་13ཉིན་བར་དུ་སིང་ཀ་ཕོར་ལ་ཉིན་གསུམ་རིང་འཚམས་འདྲི་གནང་བ་རེད། 
     ཚེས་12ཉིན་སིང་ཀ་ཕོར་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་གཉེར་བའི་ཀྲུང་གོའི་བོད་ཀྱི་རིག་གནས་པར་རིས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོའི་བྱེད་སྒོར་ཞུགས་པའི་སིང་ཀ་ཕོར་གྱི་ལས་རིགས་ཁག་གི་མི་སྣར་འཚམས་འདྲི་ཚོགས་པས་བོད་ཀྱི་ཕྱོགས་གང་ཅིའི་གནས་ཚུལ་ངོ་སྤྲོད་ཞུས་པ་མ་ཟད། ཁོང་ཚོ་དང་བཞུགས་མོལ་ཡང་གནང་བ་རེད། པར་རིས་འགྲེམས་སྟོན་ཐོག་ཀྲུང་གོ་དང་ཕྱི་རྒྱལ་གྱི་པར་ལེན་མཁས་དབང་གི་པར་རིས་60ལྷག་ཙམ་བདམས་ཡོད་པའི་ཐོག་ནས། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་བརྗིད་ཉམས་ལྡན་པའི་རང་བྱུང་མཛེས་ལྗོངས་དང་མི་ཆོས། སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པོ་བཅས་དང་། མཚོན་སྟངས་མི་འདྲ་བའི་ཆ་ནས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཤུལ་འཛིན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཆོས་དད་རང་མོས་བཅས་དང་དེ་བཞིན་ས་གནས་དེ་གའི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མངོན་པར་བྱས་ཡོད། 
      བཞུགས་མོལ་དུ་ཕེབས་པའི་མི་སྣས་ཐུགས་ཁུར་གནང་བའི་གནད་དོན་ཐད་སྤེལ་རེས་ཚོགས་པའི་མཁས་དབང་བཀྲ་ལོ་དང་། སྐྱིད་སྐྱིད་སོགས་པས་བགྲོ་གླེང་དང་སྤེལ་རེས་གནང་བ་རེད། སིང་ཀ་ཕོར་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལིན་ཏེ་ནན་གྱིས། བོད་ལ་འགྲོ་མྱོང་མེད་ཀྱང་པར་རིས་འགྲེམས་སྟོན་དང་བཞུགས་མོལ་གྱི་ཐོག་ནས་ཁོང་ཉིད་ཀྱིས་བོད་ལ་ཆ་རྒྱུས་ཇེ་ཆེར་ཕྱིན་སོང་ཞེས་བརྗོད་པ་རེད། 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)