དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> ཡུལ་སྐོར་འགྱུར་སྟངས།
ཨ་རོགས་ཤར་རྒྱལ་ཐང་གི་ནགས་ཕག་ཐང་དུ་ཁྲུང་ཁྲུང་དཀར་པོ་ལ་ལྟད་མོ་ལྟ་ཤོག
རྩོམ་པ་པོ། པད་མ་ཚེ་རིང་། དུས་ཚོད། 2017-12-18 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 693

        དགུན་ཁའི་དུས་སུ་ཤར་རྒྱལ་ཐང་འོ་མ་མཚོ་ཁའི་ནགས་ཕག་ཐང་དུ་བྱ་ཁྲུང་ཁྲུང་དཀར་པོ་མང་པོ་བབ་བྱུང་།བྱ་འགའ་རེས་གནམ་དུ་ལྡིང་སྐོར་གཏོང་བཞིན་པ།འགའ་རེས་མཚོ་ནང་རྩེད་མོ་རྩེ་བཞིན་པ།འགའ་རེས་རྩྭ་ཐང་སྟེང་ཟས་འཚོལ་བཞིན་པ།དེ་འདྲའི་ལྟད་མོ་མང་པོ་ལྟ་རྒྱུ་སྣང་།ཨ་རོགས་ཚོ་མགྱོགས་པ་ཅིག་ལྟད་མོ་ལྟ་ཤོག

        རིག་འཛིན་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་ནང་དུ་འདི་འདྲ་འབྲི་ཡོད་དེ།

        བྱ་དེ་ཁྲུང་ཁྲུང་དཀར་པོ།།

        ང་ལ་གཤོག་རྩལ་གཡར་དང་།།

        ཐག་རིང་རྒྱང་ནས་མི་འགྲོ།

        ལི་ཐང་བསྐོར་ནས་སླེབས་ཡོང་།།

        རྒྱལ་ཐང་གི་སྐོར་བྲོ་ནང་ལ་འདི་འདྲ་འཁྲབ་པ་སྟེ།

        སྤང་ལ་མེ་ཏོག་གང་བྱུང་།།

        སེམས་ལ་དགའ་བ་མ་འདུག།

        ལོ་ཆུང་ཁྲུང་ཁྲུང་འདྲ་བྱུང་།།

        ལྷ་བྱང་ལྡིང་སྐོར་གཏོང་འགྲོ།

        རྒྱལ་ཐང་གི་གཞས་མོ་ནང་ལ་འདི་འདྲ་ལེན་ཏེ།

        བྱ་དེ་ཁྲུང་ཁྲུང་བྱང་ཡུལ་བྱང་གི་བྱ།།

        བྱ་སྐྱེས་ས་འཁྲུངས་ས་བྱང་ཐང་གི་སྟེང་།།

        བྱ་ཞག་ས་བབ་ས་རྒྱལ་ཐང་གི་སྟེང་།།

        ཐོག་འབྲུ་དྲུག་ཡོད་ས་བབ་པའི་བྱ་དེ།

 

རྩོམ་སྒྲིག་པ། (པདྨ་མཚོ། )