དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
སེམས་ཀྱི་ཉི་ཟླས་ལོ་གསར་པའི་ནང་མང་ཚོགས་ལ་བདེ་ཐང་གི་ཞབས་ཞུ་སྒྲུབ།
རྩོམ་པ་པོ། ཐའེ་ཅུན། དུས་ཚོད། 2018-01-03 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 147

    2018ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བདེ་ཐང་དབུལ་སྐྱོར་འགོ་ཁྲིད་ཚོ་ཆུང་གིས་གནམ་ལོ་གསར་ཚེས་ཀྱི་གྲོང་བཤགས་རྒྱུག་འགྲན་བྱེད་སྒོའི་གོ་སྐབས་དམ་བཟུང་བྱས་ནས་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཉི་སེར་ཐང་ཆེན་དུ་བདེ་ཐང་དབུལ་སྐྱོར་གྱི་དགུན་དུས་དྲོད་ལེན་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

      བྱེད་སྒོའི་ཁྲོད་དུ་རྒྱལ་ཐང་གྲོང་རྡལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་པ་ཚོས་རྒྱ་ཆེའི་མང་ཚོགས་ལ་བདེ་ཐང་དབུལ་སྐྱོར་གྱི་དམངས་ཕན་སྲིད་ཇུས་ཀྱི་རྒྱུ་ཆ་མཁོ་འདོན་དང་། འཕྲོད་བསྟེན་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་མ་ཟད།   ་བདེ་ཐང་སྐོར་གྱི་དོགས་གནད་ལ་ལན་བཏབ་ནས་རིན་མི་ལེན་པར་བརྟག་དཔྱད་བྱས་ཤིང་།  ཁྲག་ཚིལ་དང་ཁྲག་ཤེད་ཀྱི་ཚད་འཇལ་བ་སོགས་རྒྱུན་མཐོང་ནད་དང་། གཅོང་ནད་བཅས་ལ་སྨན་རྫས་མཁོ་སྤྲོད་གནང་ནས་རྒྱ་ཆེའི་གྲོང་མི་ཚོར་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཤིག་ཆགས་དགོས་པའི་འབོད་སྐུལ་གནང་ཡོད།

   ཐེངས་འདིའི་བདེ་ཐང་དབུལ་སྐྱོར་གྱི་བྱེད་སྒོ་འདིས་རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ལ་བདེ་ཐང་དབུལ་སྐྱོར་གྱི་དམངས་ཕན་སྲིད་ཇུས་རྒྱུས་ལོན་བྱེད་དུ་བཅུག་ཡོད་ཅིང་།  སྲིད་ཇུས་སྐོར་ལ་རྒྱུས་ལོན་དང་ཤེས་རྟོགས་བྱུང་ཚད་ཇེ་མཐོར་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་བྱེད་པ་དང་།   ནད་ཀྱི་དབང་གིས་དབུལ་ཞིང་ཕོངས་བར་བཏང་བ་དང་།  ནད་ཀྱི་དབང་གིས་དབུལ་ཕོངས་ཀྱི་གནས་སུ་ཕྱིར་ལོག་པའི་སྣང་ཚུལ་སོགས་འབྱུང་བར་སྔོན་འགོག་བྱེད་པར་ནུས་པ་མི་དམན་པ་ཞིག་ཐོན་པའི་དོན་སྙིང་ལྡན་ཡོད།    

 

 

 

 

 

 

 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)