དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
2017ལོའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་ཆོས་སྤེལ་མཛད་འཕྲིན།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-01-03 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 2658

       

       2017ལོ་ནི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཁྲི་འདོན་མངའ་གསོལ་གནང་ནས་ལོ་ངོ་22འཁོར་བའི་ལོ་རེད། ལོ་འདིའི་ནང་པཎ་ཆེན་མཆོག་གདན་ཞུས་ལྟར་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཟུར་ཞུགས་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གཏམ་བཤད་གནང་ལ། མཚོ་སྔོན་དང་བོད་ལྗོངས་སུ་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་བར་ཕེབས་པ་མ་ཟད། ཆོས་སྤེལ་བྱེད་སྒོ་རབ་དང་རིམ་པའང་གནང་ཡོད་པ་རེད། གོང་གི་སྐུ་པར་ནི་ཟླ་3ཚེས་11ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཡིན་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཚོགས་འདུའི་ཐོག་ཁ་བྱང་ལ་《ཆོས་ལུགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས་རྒྱལ་ཁབ་འཕེལ་རྒྱས་དང་མིའི་རིགས་བདེ་སྐྱིད་ཡོང་བར་དུས་རབས་གསར་པའི་ལེགས་སྐྱེས་འབུལ་དགོས་》ཞེས་པའི་གཏམ་བཤད་སྤེལ་བ།

       ཟླ་7ཚེས་18ཉིན་ནས་ཚེས་24ཉིན་བར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཚོ་སྔོན་དུ་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་བ་མ་ཟད། ཆོས་སྤེལ་བྱེད་སྒོ་ཡང་སྤེལ་བ། འདི་ནི་སྐྱེ་རྒུ་དོན་འགྲུབ་གླིང་གི་སྨོན་ལམ་ཆེན་མོར་ཞུགས་པའི་སྐུ་པར་ཡིན་པ།།

       ཟླ་7ཚེས་21ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ནས་ཆོས་སྤེལ་བྱེད་སྒོ་སྤེལ་བ་དང་། དེའི་རྗེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཕེབས་ནས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དང་རྨ་ཆུའི་འགྲམ་གྱི་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་ལ་གཟིགས་ཞིབ་གནང་བ་མ་ཟད། ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་གྲྭ་བཙུན་རྣམས་ལ་གསུང་ཆོས་ཀྱང་གནང་བ་རེད། འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་སྐུ་འབུམ་བྱམས་པ་གླིང་གི་གཙུག་ལག་ཁང་དུ་གསུང་ཆོས་གནང་བཞིན་པའི་སྐུ་པར་ཡིན་པ།

       པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཆོས་གསུང་བཞིན་པ།

       པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གྲྭ་བཙུན་རྣམས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་མདུན་དུ་ཞལ་འདོན་གནང་བ་དང་། འཛམ་གླིང་ཞི་བདེ་དང་རྒྱལ་དར་དམངས་བདེ། འབྲུ་ལྔ་ལོ་ལེགས། འགྲོ་བ་ཀུན་བདེ་སྐྱིད་ཡོང་བར་སྨོན་ལམ་འདེབས་བཞིན་པ།

       ཟླ་7ཚེས་25ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཟི་ལིང་ནས་མེ་འཁོར་ལ་བཞུགས་ནས་ལྷ་སར་ཕེབས་པ། འདི་ནི་ལུས་ལ་སྲོལ་རྒྱུན་གྱི་གཟབ་མཆོར་སྤྲས་པའི་ན་གཞོན་གྱིས་པཎ་ཆེན་མཆོག་ལ"ཕྱེ་མ"འབུལ་བཞིན་པ།

       ཟླ་7ཚེས་27ཉིན་སྐྱེ་རེངས་སྐབས་སུ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ལྷ་སའི་གཙུག་ལག་ཁང་དུ་ཇོ་བོ་རིན་པོ་ཆེར་མཇལ་བ་མ་ཟད། གཙུག་ལག་ཁང་གི་གྲྭ་བཙུན་རྣམས་ལ་ཕྱག་དབང་དང་བྱིན་རླབས་གནང་བ།

       ཟླ་7ཚེས་30ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་པཎ་ཆེན་རིན་པོ་ཆེའི་ལྷ་སའི་བཞུགས་སྒར"བཞུགས་གླིང་རྡོ་རྗེ་་ཕོ་བྲང"དུ་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཕྱག་དབང་དང་བྱིན་རླབས་གནང་བ་རེད།

       ཟླ་8ཚེས་1ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ལྷ་སར་ཆོས་སྤེལ་བྱེད་སྒོ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་མཇུག་བསྒྲིལ་རྗེས་སུ། མེ་འཁོར་ལ་བཞུགས་ནས་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་དུ་ཕེབས་པ་དང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་རིགས་ཁག་དང་དད་ལྡན་མང་ཚོགས་ཚོས་གཟབ་རྒྱས་ཆེ་བའི་དགའ་བསུ་ཞུས་པ་རེད།

       ཟླ་8ཚེས་3ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བཀྲ་ཤིས་ལྷུན་པོ་དགོན་གྱི་འདུ་ཁང་ཆེན་པོ་སོ་སོར་རྟེན་མཇལ་ཕྱག་མཆོད་གནང་བ།

       ཟླ་8ཚེས་4ཉིན་གྱི་སྔ་དྲོར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོའི་དགོན་དུ་བཞེངས་ཚར་བའི་བཀའ་འགྱུར་ལྷ་ཁང་ལ་རབ་གནས་མཛད་བཞིན་པ།

       ཟླ་8ཚེས་7ཉིན། བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་དང་། པེ་ཅིང་ཐུང་རེན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི"གཞིས་ཀ་རྩེའི་སྤྱི་ཕན་བྱ་སྤྱོད"ཀྱི་ཞལ་འདེབས་འབུལ་བའི་མཛད་སྒོ་བཀྲ་ཤིས་ལྷུན་པོའི་དགོན་དུ་གཟབ་རྒྱས་ཆེན་པོའི་སྒོ་ནས་གཉེར་བ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་སྤྱི་ཕན་ཞལ་འདེབས་འབུལ་བའི་མཛད་སྒོར་ཕེབས་ཡོད་པ།

       ཟླ་8ཚེས་29ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གནམ་གྲུར་བཞུགས་ནས་ཐེངས་དང་པོར"བོད་ལྗོངས་ཤར་རྒྱུད་ཀྱི་མུ་ཏིག་གྲོང་ཁྱེར"ཆབ་མདོར་ཕེབས་པ།

       ཆབ་མདོར་འབྱོར་རྗེས་ཀྱི་ཉིན་གཉིས་པར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བྱམས་པ་གླིང་དུ་ཕེབས་ནས་ཆོས་སྤེལ་བྱེད་སྒོ་སྤེལ་བ། འདི་ནི་དགེ་འདུན་མང་པོས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བྱམས་པ་གླིང་གི་ཚོམས་ཆེན་དུ་ཆིབས་བསུ་བྱེད་བཞིན་པ།


       ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རིང་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཚོགས་ཆེན་འགོ་ཚུགས་པའི་ཚོགས་འདུ་དང་མཇུག་སྒྲིལ་བའི་ཚོགས་འདུར་ཟུར་ཞུགས་གནང་བ་དང་། འདི་ནི་ཁོང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འགོ་ཚུགས་པའི་ཚོགས་འདུར་ཟུར་ཞུགས་གནང་བ།

       ཟླ་11ཚེས་6ཉིན་གྱི་སྔ་དྲོར། བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ཚོགས་འདུ་སྐབས་བདུན་པ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཚོག་འགོ་ཚུགས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཚོགས་འདུར་ཞུགས་པ་མ་ཟད་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ་རེད།

ཟླ་11ཚེས་23ཉིན་གྱི་སྔ་དྲོར། པཎ་ཆེན་སྐུ་ཕྲང་བཅུ་གཅིག་པས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་དགའ་ལྡན་བྱིན་ཆགས་གླིང་གི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་60ལྷག་དང་མཉམ་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བའི་《བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་ངོས་འཛིན་ཆེད་དོན་འགྲེམས་སྟོན་》ལ་གཟིགས་སྐོར་གནང་བ།