དབུ་ཤོག >> མི་རིགས་ཆོས་ལུགས། >> ཡུལ་སྲོལ་གོམས་གཤིས།
བརྗེད་དུ་འགྲོ་བཞིན་པའི་འུར་རྡོ།
རྩོམ་པ་པོ། པད་མ་ཚེ་རིང་། དུས་ཚོད། 2018-01-08 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 173

        

        ངས་ལོ་ཆུང་ཆུང་དུས་སུ་འུར་རྡོ་དེ་ལ་རྩེད་མྱོང་གི་ཡོད། འུར་རྡོ་དེ་ནི་བོད་ཀྱི་ཕྱུགས་འཚོ་བའི་འཕེན་བྱེད་ཀྱི་ཡོ་བྱད་ཞིག་ཡིན་པ་དང་།རྫི་བོ་འུར་རྡོ་འཕེན་ལ་མཁས། དེ་མ་ཚད་བྱིས་པའི་རྩེད་ཆས་ཡིན་ལ། བརྗེད་དུ་འགྲོ་བཞིན་པའི་འུར་རྡོ། ད་ལྟ་ང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་དུ་མཐོང་བ་ཉུང་དུ་འགྲོ་ཡོད་པ་རེད། 

        ཀྲུང་གོ་བོད་ཀྱི་དྲ་བས་བོད་ཀྱི་འཚོ་བའི་ཅ་ལག་སྣ་ཚོགས་ཞེས་པའི་ནང་འགོད་པ་སྟེ།འུར་རྡོ་འམ་འུར་ཆ་ཞེས་པ་དེ་ནི་བལ་རྩིད་འཁེལ་ནས་བསླེས་པ་དང་།བལ་རྩིད་བརྒྱུན་ནས་འུར་ཆ་བཟོ་སྲོལ་ཡོད།རིང་ཚད་སྤྱི་ཁྲེ་གཅིག་དང་ཕྱེད་ཀ་ཙམ་ཡོད།དཀྱིལ་དུ་རྡོ་འཇོག་ས་འུར་མཐིལ་ཞེས་ཅུང་ཞེང་ཆེ་བ་ཞིག་ཡོད།ཐག་སྣེ་གཉིས་དགར་ཡོད་པས།གཅིག་ལ་འུར་ལུང་དང་།གཅིག་ལ་འུར་ལྕེ་ཟེར།འདི་ལ་རིགས་མང་དེ་དགྲ་ལྷའི་ཀོ་མཚོན་འུར་ཆ་དང་།སེར་འགོག་འུར་ཆ་།ཕྱུགས་འདེད་འུར་ཆ།ད་དུང་འུར་རྡོ་ཆུ་མིག་དགུ་སྒྲིལ་སོགས་ཡོད།འདི་ནི་བོད་མི་རིགས་ཀྱི་གོ་ཚོད་པའི་སྟབས་བདེ་བའི་ལག་ཆ་ཐུན་མོང་པ་ཞིག་ཡིན།

        བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ་དེ་འདྲ་འགོད་པ་སྟེ།འུར་རྡོ་ནི་ཐག་པའི་མཐིལ་དུ་རྡོ་བཞག་ནས་འཕེན་བྱེད་ཀྱི་ལག་ཆ་ཞིག འུར་རྡོ་ཆུ་མིག་དགུ་སྒྲིལ་ནི་སྐུད་པ་ཚོན་ཁྲས་བསླས་པའི་འུར་རྡོ་རིས་མིག་དགུ་ཡོད་པ་ཞིག་སྟེ་བྱིས་པའི་རྩེད་ཆས་དང་ཕྱུགས་རྫིའི་ཡོ་བྱད་ཅིག   སྔ་མར་བོད་ཀྱི་ས་ཁུལ་དུ་འུར་རྡོའི་ཁྲལ་བསྐུལ་མྱོང་པ་སྟེ།བོད་ཀྱི་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ལོར་དབྱིན་དམག་གིས་བོད་ལ་བཙན་འཛུལ་བྱེད་སྐབས་བོད་ས་གནས་སྲིད་གཞུང་གིས་བོད་དམག་གི་ལ་ཆར་འུར་རྡོ་དང་འུར་ཁུག་གི་ཁྲལ་བསྐུལ་བ་ལྟ་བུ་ལ་ཟེར།

        ང་ཚོ་བོད་ཀྱི་གཏམ་དཔེ་ནང་ལ་བཤད་སྲོལ་ཡོད་དེ་ར་སྤུའི་འུར་རྡོ་རའི་མཇིང་པར་ཕོག ཡུལ་ཚོ་རེ་རེའི་སྐད་ལུགས་རེ་རེ།བླ་མ་རེ་རེའི་ཆོས་ལུགས་རེ་རེ།ད་དེ་རྒྱལ་ཐང་གི་ཡུལ་སྐད་ནང་དུ་འུར་ཆ་འམ་འུར་རྡོ་ལ་འུར་ཚུགས་ཀྱང་འབོད་སྲོལ་ཡོད་པ་རེད།   

 

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)