དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
ཀྲུང་གོ་དང་ཨ་རིའི་མཁས་དབང་ཚོར་བོད་ནས་བྱ་རིགས་ཀྱི་རྐང་རྗེས་འགྱུར་རྡོ་ཐོག་མར་རྙེད་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-01-09 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 3404

        ཉེ་དུས།ཀྲུང་གོ་དང་ཨ་རིའི་གནའ་བོའི་སྐྱེ་དངོས་མཁས་དབང་ཚོས་ང་ཚོས་བོད་ནས་བྱ་རིགས་ཀྱི་རྐང་རྗེས་འགྱུར་རྡོ་ཐོག་མར་རྙེད་པ་དེ་ལས།དཀར་རག་དུས་རབས་ཀྱི་དུས་མཇུག་ཏུ་གསར་རྙེད་ཁུལ་གྱི་གནའ་བོའི་ཁོར་ཡུག་ད་ལྟ་དང་སྤྱིར་ན་ཧེ་བག་ཆེན་པོ་ཡོད་པ་དང་ཆུ་བྱ་འབོར་ཆེན་ཞིག་ཚྭ་མེད་མཚེའུ་ཡི་མཐའ་འཁོར་དུ་འཚོ་གནས་བྱེད་པ་མཚོན་གྱི་ཡོད་ཅེས་བརྗོད།

        འགྱུར་རྡོར་ཞིབ་འཇུག་བྱེད་མཁན་ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང)གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཤིང་ལེ་ཏ་དང་རབ་འབྱམས་པ་ཁྲོའུ་ཁྲུན་ཡུང་དང་། ཨ་རིའི་ཁེ་ལུའོ་ལ་ཏུའོ་སློབ་ཆེན་གྱི་རྐང་རྗེས་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་དང་དགེ་རྒན་ཆེ་མོ་བ་མཱ་ཏིང·ལུའོ་ཁེ་ལི་སོགས་ཀྱིས《ས་གཤིས་རིག་གཞུང་དུས་དེབ》(དབྱིན་ཡིག་དཔར་མ)ཐོག་རྩོམ་ཡིག་སྤེལ་ནས་རྐང་རྗེས་དེ་དག་གི་མ་དཔེའི་སྐོར་བཀོད་ཡོད།

ལོ་ངོ་དུང་ཕྱུར་2ལྷག་ཙམ་སྔོན་གྱི་སུམ་བརྩེགས་དུས་རབས་སུ་དེང་སྐབས་ཀྱི་མཚོ་བོད་ས་མཐོ་ནི་མཐའ་ཡས་རྒྱ་མཚོ་ཞིག་རེད།རི་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་སུམ་བརྩེགས་དུས་རབས་ཀྱི་མཚོ་མཐིལ་བྲག་རྡོ་ཡོད་པ་དང་དུས་རབས་20པའི་ལོ་རབས་70ཡི་མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་དང་པོ་བྱེད་རིང་གནའ་བོའི་སྐྱེ་དངོས་མཁས་དབང་ཚོས་གནས་དེ་ནས་ཧི་མ་ལ་ཡའི་ཉ་འབྲུག་དང་ཇོ་མོ་གླང་མའི་ཀྲུང་གོའི་དུང་དཀར་ཆུ་སྲིན་གྱི་འགྱུར་རྡོ་རྙེད་ཡོད།

        ཀྲུའུ་ལོའོ་ནས་དཀར་རག་དུས་རབས་བར་བོད་ཀྱི་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་ཆ་ཤས་རྒྱ་མཚོ་དང་རིམ་གྱིས་ཁ་གྱེས་པ་དང་ཆབ་མདོའི་གཤོངས་སར་སྐབས་དེ་དུས་སི་ཁྲོན་གཤོངས་ས་དང་འདྲ་བའི་ཚྭ་མེད་མཚེའུ་ཆགས་ནས།ཁུང་འབྲུག་སོགས་སྲོག་ཆགས་མཚོ་འགྲམ་དུ་འཚོ་སྡོད་བྱེད་པ་དཔེར་ན།སྨར་ཁམས་ནས་རྙེད་པའི་ལཱ་ཝུའུ་ལའི་སྨར་ཁམས་ཁུང་འབྲུག་དང་ཆིའུ་ལུང་ཁུང་འབྲུག་སོགས་རེད།

“སློབ་ཆེན་གྱི་ལོ་རིམ་དང་པོའི་སློབ་མར་རྙེད་པའི་བྱ་རིགས་ཀྱི་རྐང་རྗེས་ནི་ཆབ་མདོ་ས་ཁུལ་དང་ཐ་ན་བོད་དུ་དཀར་རག་དུས་རབས་སུ་གནའ་བོའི་བྱ་རིགས་ཐོན་མྱོང་བའི་དཔང་རྟགས་ཁུངས་བཙན་ཐོག་མ་དེ་ཡིན་པས།དེས་གནའ་བོའི་སྐྱེ་དངོས་ཀྱི་ས་ཁམས་ཆགས་ཚུལ་དང་གནའ་བོའི་ཁོར་ཡུག་སླར་གསོ་སོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་དཔྱད་རྩོམ་གྱི་རྩོམ་པ་པོའི་གྲས་ཤིག་དང་ཁུང་འབྲུག་རྐང་རྗེས་ཀྱི་དབང་གྲགས་ལྡན་པའི་མཁས་དབང་དང་དགེ་རྒན་ཆེ་མོ་བ་ལུའོ་ཁེ་ལི་ཡིས་ངོ་སྤྲོད་བྱས།

 

རྩོམ་སྒྲིག་པ། (པདྨ།)