དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
དངོས་བཤུས་གློག་བརྙན་《ཤམ་བྷ་ལའི་ཞིང་ཁམས》ཞེས་པ་སྟོན་གྲབས་ཡོད་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-01-09 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 1875

        ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་དང་། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་ཇུས་འགོད་དང་ལྟ་སྐུལ་བྱེད་ནས་པར་ལེན་བཟོ་སྐྲུན་བྱས་པའི་རྒྱལ་ཁབ་རིམ་པའི་དངོས་བཤུས་གློག་བརྙན་ཆེ་གྲས་4K《ཤམ་བྷ་ལའི་ཞིང་ཁམས་》ཞེས་པའི་སྔོན་བརྡ་གཏོང་བའི་དྲིལ་བསྒྲགས་གློག་བརྙན་ཐོག་མ་དངོས་སུ་བསྟན་པ་རེད། དེ་མིན་ལེའུ་5ཅན་གྱི་མུ་འབྲེལ་དངོས་བཤུས་བརྙན་འཕྲིན་དང་། སྒྲིག་བཟོ་སྤུས་ལེགས་པར་གཞིའི་དངོས་བཤུས་གློག་བརྙན་ཞིག་ཀྱང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་མང་པོ་ནས་འཛམ་གླིང་ཡོངས་ལ་སྟོན་རྒྱུ་རེད།

        གློག་བརྙན་འདི་ཡིས་ལོ་གཅིག་གི་དུས་བཞིའི་དུས་ཚོད་ཚད་དུ་བཟུང་ནས་དེང་སྐབས་ཀྱི་སི་ཁྲོན་བོད་ཁུལ་མི་རིགས་ཁག་གི་མི་དམངས་ཀྱི་དུས་རྒྱུན་འཚོ་བ་དང་བརྩེ་སེམས་དངོས་ཟིན་ཐོ་བཀོད་ཡོད་པ་དང་། གཙོ་བོར་ཤམ་བྷ་ལ་ཡི་རིག་གནས་ས་ཁོངས་སུ་མངོན་པའི་རང་བྱུང་མཛེས་ལྗོངས་དང་། མི་ཆོས་ཀྱི་མཛེས་སྡུག ཚེ་སྲོག་གི་མཛེས་སྡུག་བཅས་མཚོན་ཡོད་པ་རེད།

 དངོས་བཤུས་གློག་བརྙན་སྤུས་ལེགས་ཡོང་བར་འགན་ལེན་བྱེད་ཆེད་《ཤམ་བྷ་ལའི་ཞིང་ཁམས་》ཞེས་པ་འདི་2016ལོའི་ལོ་འགོ་ནས་པར་ལེན་བཟོ་སྐྲུན་བྱེད་འགོ་བརྩམས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་། སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས་སོགས་ལས་ཁུངས་མང་པོ་དང་ལས་རིགས་ཁག་གི་ཆེད་མཁས་པ་སྒྲིག་འཛུགས་བྱས་ནས་མཉམ་དུ་ཇུས་འགོད་རེས་འཁོར་ཐེངས་མང་བྱས་པ་རེད།

 

        2016ལོའི་ཟླ་3པ་ནས་བཟུང་གློག་བརྙན་གཙོ་སྒྲིག་མི་སྣ་དང་པར་ལེན་བཟོ་སྐྲུན་ཚོགས་ཆུང་ཁག་གཉིས་སུ་བགོས་ནས་སི་ཁྲོན་དཀར་མཛེས་དང་རྔ་བ།ལིའང་ཧྲན་སོགས་ཀྱི་ས་ཁུལ་གྱི་གྲོང་རྡལ་དང་གྲོང་ཚོ་ཁུལ་དུ་བསྐྱོད་པ་ལ། ལ་དུག་དང་ལམ་བར་གྱི་ངལ་དུབ། འདམ་རྡོ་ཆུ་རུད།ཁ་བ་བུ་ཡུག་སོགས་མཐོ་སྒང་གི་གནམ་གཤིས་དང་ཁོར་ཡུག་ངན་པ་བཅས་ཁྱད་བསད་བྱས་ནས་དུས་ཡུན་ཉི་མ་270རིང་རྗེས་སྙེག་པར་ལེན་བྱས་པ་རེད།

 

           པར་ལེན་བྱེད་རིང་དུ་པར་ལེན་བཟོ་སྐྲུན་ཚོགས་ཆུང་ཁྲོན་བོད་རྒྱལ་ལམ་318པའི་དཀར་མཛེས་ཀྱི་ལམ་དུམ་དང་།ཁྲོན་བོད་རྒྱལ་ལམ་317པའི་དཀར་མཛེས་ཀྱི་ལམ་དུམ་སྟེ་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་11བརྒལ་བ་ཡོད་པ་སྟེ། རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དང་འབྲི་ཆུའི་རྒྱུད། རྨ་ཆུའི་རྩྭ་ཐང་ཆེན་མོ།སོ་མང་ཆུ་བོའི་གྲོག་རོང་།གངས་དཀར་རི་བོའི་རི་རྒྱུད་སོགས་ས་ཁོངས་ནས་དྭངས་ཤིང་གཙང་བའི་ཁྲོན་བོད་ཀྱི་བརྙན་རིས་ཇི་མ་ཇི་བཞིན་ཞིག་པར་ལེན་ཟིན་འགོད་བྱས་ཡོད་པ་རེད།

 

རྩོམ་སྒྲིག་པ། (པདྨ།)