དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-01-10 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 3359

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས།པར་འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མར2017ལོའི་རྒྱལ་ཁབ་ཆེས་མཐོའི་ཚན་རྩལ་བྱ་དགའ་ཐོབ་པའི་ནན་ཅིན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གྲྭ་ཆེན་མོའི་ཡོན་ཧྲི་ཝང་ཙེ་ཧྲན་དང་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནད་དུག་ནད་སྔོན་འགོག་ཚོད་འཛིན་ཁང་གི་ཡོན་ཧྲི་ཧིག་ཡུན་ཏི་གཉིས་ལ་བྱ་དགའི་དཔང་ཡིག་གནང་བའི་ཚུལ་རེད།  

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཀའོ་ལིས། ཝང་ཧུའུ་ཉིང་བཅས་ཚོགས་ཆེན་སྟེང་ཞུགས་པར་མ་ཟད། བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་གནང་། ལིས་ཁི་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་གསུང་བཤད་གནང་། ཀྲང་ཀའོ་ལིས་ཀྱིས་ཚོགས་ཆེན་ལ་འགོ་འཛིན་མཛད། 

        སྔ་དྲོའི་དུས་ཚོད་བཅུའི་སྟེང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཚོགས་ཆེན་འགོ་བརྩམས། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མར2017ལོའི་རྒྱལ་ཁབ་ཆེས་མཐོའི་ཚན་རྩལ་བྱ་དགའ་ཐོབ་པའི་ནན་ཅིན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གྲྭ་ཆེན་མོའི་ཡོན་ཧྲི་ཝང་ཙེ་ཧྲན་དང་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནད་དུག་ནད་སྔོན་འགོག་ཚོད་འཛིན་ཁང་གི་ཡོན་ཧྲི་ཧིག་ཡུན་ཏི་གཉིས་ལ་བྱ་དགའི་དཔང་ཡིག་གནང་བར་མ་ཟད།ཁོ་ཚོ་དང་ཕྱག་འཇུ་བྱས་ཏེ་རྟེན་འབྲེལ་ཞུས།དེའི་རྗེས་སུ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་པའི་འཐུས་མིར་བྱ་དགའ་གནང་།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ།བྱ་དགའ་ཐོབ་པའི་མི་སྣ་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་།རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་ལ།ཀྲུང་གོའི་ཚན་རྩལ་ལས་དོན་ལ་རྒྱབ་སྐྱོར་བྱས་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས།

        ལིས་ཁི་ཆང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག རང་རྒྱལ་གྱི་ཚན་རྩལ་ལས་དོན་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པར་མ་ཟད།ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཐད་ལ་བྱས་རྗེས་གལ་ཆེན་བཞགདེང་སྐབས་རང་རྒྱལ་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བ་ཞིག་ཏུ་བསླེབས་ནས། དཔལ་འབྱོར་ཆུ་ཚད་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཉིན་རེར་གོང་དུ་འཕེལ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་བར་བྱེད་དགོས་ན། ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བཀོད་སྒྲིག་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། གསར་གཏོད་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། སྔར་ལས་སྟོབས་ལྡན་དང་སྔར་ལས་རྒྱུན་མཐུད་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ཟེར།

        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚོགས་ཆེན་ལ་འགོ་འཛིན་མཛད་སྐབས་གསུངས་རྒྱུར། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་བྱ་དགའ་ཐོབ་མཁན་མིག་དཔེར་བརྩིས་ཏེ། སེམས་ལ་མེས་རྒྱལ་དང་མི་དམངས་འཛིན་པ་དང་། ཁག་ཁུར་བྱེད་ཕོད་པ། ཚད་བརྒལ་བྱེད་ཕོད་པ་བཅས་བྱས་ནས།ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལས་འགན་ཕྲག་ཏུ་འཁུར་དགོས་ལ།ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ནས།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ།བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བདག་གསར་གཏོད་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་དང་།ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པ།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་རེ་བ་བྱེད་ཀྱིན་ཡོད་ཟེར།            

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཚོགས་ཆེན་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2017ལོའི་རྒྱལ་ཁབ་ཚན་རྩལ་བྱ་དགའ་གནང་བའི་སྐོར་གྱི་གཏན་འབེབས་ཁྱབ་སྒྲོག་བྱས།ཝང་ཙེ་ཧྲན་གྱིས་བྱ་དགའ་ཐོབ་པའི་མི་སྣ་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད།ཚོགས་ཆེན་སྟེང་ཞུགས་པའི་འགོ་ཁྲིད་བློ་མཐུན་ལ་ད་རུང་ཏིན་ཞེའོ་ཞང་དང་ཞུའུ་ཆི་ལིེ་། ཁྲིན་ཞི། ཧོང་ཁུང་མེན། ཧྲིན་ཡེའོ་ཡེའོ། དབྱང་ཅིན། ཝན་ཀང་བཅས་ཡོད།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས།དམག་དཔུང་བཅས་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་དང་།རྒྱལ་ཁབ་ཚན་རྩལ་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་མི་སྣ།རྒྱལ་ཁབ་ཚན་རྩལ་བྱ་དགའ་ཨུ་ཡོན་ལྷན་ཁང་གི་མི་སྣ།རྒྱལ་སའི་ཚན་རྩལ་ལས་རིགས་ཀྱི་འཐུས་མི་བཅས་མི་སུམ་སྟོང་སུམ་བརྒྱ་ལྷག་ཚོགས་ཆེན་སྟེང་ཞུགས།བྱ་དགའ་གནང་བའི་ཚོགས་ཆེན་གྱི་སྔོན་ལ།ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཚན་རྩལ་བྱ་དགའ་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་།ཞི་ཅིན་ཕིང་སོགས་ཀྱིས་ཚང་མ་དང་མཉམ་དུ་པར་བླངས།

 

རྩོམ་སྒྲིག་པ། (པདྨ་མཚོ། )