དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> ཡུལ་སྐོར་འགྱུར་སྟངས།
དེང་ཕྱིན་བདེ་ཆེན་དུ་ཡུལ་སྐོར་འགྲོ་དུས་ཁ་པར་གཅིག་གིས་ཆོག
རྩོམ་པ་པོ། མི་གསལ། དུས་ཚོད། 2018-01-10 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 33

    ཁ་པར་གཅིག་གིས་ཡུལ་སྐོར་འགྲོ་ཞེས་པ་དེ་ནི་ཡུལ་སྐོར་བས་ཡུལ་སྐོར་འགྲོ་དུས་ཁ་པར་ཐོག་བཟའ་བཏུང་དང་ཞག་སྡོད།  ཕྱིར་ཐོན།  ཟོག་ཉོ།  རོལ་རྩེད།   དེ་མ་ཟད་ཡུལ་སྐོར་གྱི་མགོ་འདོགས་ཞུ་བ་དང་།  སྣེ་ཤན་པར་གདེང་འཇོག་བྱེད་པ་ལ་སོགས་པ་ཀུན་རིག་ནུས་ཅན་གྱི་ཁ་པར་ཐོག་བྱེད་ཆོག་པ་ཞིག་ལ་ཟེར་བ་རེད།

པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།

དགའ་ལྡན་སུམ་རྩེན་གླིང་།

    ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་འགྲོ་ཞེས་པ་དེ་ནི་ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་ཁྲོམ་ར་ལེགས་སྒྲིག་བྱེད་པའི་གྲུབ་འབྲས་དང་ཕྱོགས་ཡོངས་ནས་ཡུན་ནན་གྱི་ཡུལ་སྐོར་གཟུགས་བརྙན་གོང་དུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན།  ཁ་པར་གཅིག་གིས་བདེ་ཆེན་དུ་ཡུལ་སྐོར་འགྲོ་ཞེས་པ་དེ་ནི་བདེ་ཆེན་གྱི་ཡུལ་སྐོར་རྒྱལ་སྤྱི་ཅན་དང་ཁྱད་ལྡན་ཅན།   ཨང་གྲངས་ཅན་དུ་དར་བའི་ལམ་བུ་གལ་ཆེན་ཞིག་ཡིན་པ་དང་།   སེམས་ཀྱི་ཉི་ཟླའི་སྤུས་ཀ་གོང་དུ་གཏོང་བ་ལ་དོན་སྙིང་གལ་ཆེན་ལྡན།

ཁ་བ་དཀར་པོ།

    ཁ་པར་གཅིག་གིས་ཡུལ་སྐོར་འགྲོ་ཞེས་པ་དེས་དེང་རབས་ཅན་གྱི་ཨང་ཀའི་ལག་རྩལ་བེད་སྤྱོད་བྱས་ནས།  འཛམ་གླིང་གི་རྩེར་སོན་དང་རྒྱལ་ནང་གི་སྔོན་ཐོན་གྱི་ཡུན་ནན་ཡུལ་སྐོར་གྱི་གཞི་གྲངས་ཆེན་མོའི་ལྟེ་གནས་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུ་སྟེགས་བུ།  ཡུལ་སྐོར་གྱི་ཕྱོགས་བསྡུས་དོ་དམ་སྟེགས་བུ།   ཡུལ་སྐོར་འགྲོ་དུས་ཀྱི་བཟའ་བཏུང་དང་ཞག་སྡོད།  ཕྱིར་ཐོན།  ཟོག་ཉོ།  རོལ་རྩེད་སོགས་ཀྱི་འབྲེལ་ཡོད་གཞི་གྲངས་ཀུན་སྟེགས་བུའི་ནང་འཇུག་སྟེ།   ཡུལ་སྐོར་བས་ཡུན་ནན་དུ་སླེབས་དུས་དགོས་མཁོ་གང་འདྲ་ཡོད་ནའང་སྟེགས་བུས་འདོན་ཐུབ་པའི་ཨང་གྲངས་ཅན་དང་རིག་ནུས་ཅན་གྱི་སྟེགས་བུ་བཞེངས་སྐྲུན་བྱ་རྒྱུ་རེད།

རྡོ་མཁར་རྫོང་གི་མཚན་ལྗོངས།

    ཤེས་རྟོགས་བྱུང་བར་ལྟར་ན།  ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་འགྲོ་ཞེས་པའི་སྟེགས་བུ་དེ་2018ལོའི་ཟླ1པོའི་ཚེས་31ཉིན་དུ་སྦྲེལ་མཐུད་བྱེད་རྒྱུ་དང་།  ཟླ3པའི་ཚེས་1ཉིན་དུ་འཁོར་སྐྱོད་བྱེད་རྒྱུ་རེད།