དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་གྱིས་རྒུན་འབྲུམ་འཁྱགས་མོའི་ཐོན་ལས་སྟོབས་ལྡན་དུ་གཏོང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-01-11 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 2115

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེབའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བཅོས་དང་། དཔལ་འབྱོར་གྲུབ་ཆ་ལེགས་བཅོས། འཕར་སྣོན་སྒུལ་ཤུགས་བརྗེ་སྤོར་བྱས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་ལེགས་པོའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བྱས། མིག་སྔར། ཁུལ་ཡོངས་སུ་རྒུན་འབྲུམ་འདེབས་འཛུགས་བྱས་པའི་རྒྱ་ཁྱོན་མུའུ་ཁྲི1.8ཟིན་པ་དང་། རྒུན་འབྲུམ་ཐོན་ཚད་ནི་ཏུན་6900ཟིན་པ། ལོ་རེའི་རྒུན་ཆང་ལས་སྣོན་ཚད་ནི་ཏུན་3000ལས་བརྒལ་བ། ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་9.9མངོན་འགྱུར་བྱུང་བ། ལོ་རེའི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་6.4ཟིན་པ་རེད། རྒུན་འབྲུམ་ཐོན་སྐྱེད་དང་ལས་སྣོན། གཉེར་སྐྱོང་གི་ཁྲོམ་རའི་ཆེད་ལས་བྱེད་པོ་ཁག་གཅིག་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་ཡོད་པ་དང་། ཐོན་སྐྱེད་ནུས་པ་དང་ལས་སྣོན་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་བས། རྒུན་འབྲུམ་ཐོན་སྐྱེད་དེ་གཞི་རྒྱ་ཅན་དང་ཞིབ་ལས་ཅན། ཆེད་ལས་ཅན། ཁྲོམ་ར་ཅན། ཐོན་ལས་ཅན་གྱི་ཁ་ཕྱོགས་སུ་འཕེལ་རྒྱས་བྱུང་གི་ཡོད།          

རྩོམ་སྒྲིག་པ། (པདྨ།)