དབུ་ཤོག >> མི་རིགས་ཆོས་ལུགས། >> ཡུལ་སྲོལ་གོམས་གཤིས།
འབའ་ལུང་རྫོང་གི་འཁྲབ་ཚན་གཅིག་ནི་ཡུན་ནན་སྐབས་དང་པོའི་རྒན་པའི་དཔྱད་གསར་དུས་ཆེན་གྱི་མཚན་ཚོགས་སུ་བདམས་ཐོན་བྱུང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-01-23 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 167

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོའི་ཚེས་21ཉིན།ཡུན་ནན་ཞིང་ཆེན་སྐབས་དང་པོའི་རྒན་པའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དེ་ཡུན་ནན་རླུང་འཕྲིན་བརྙན་འཕྲིན་ཁང་དུ་ལེགས་གྲུབ་ངང་འབེབས་སྐྲུན་བྱས།དེའི་ནང་འབའ་ལུང་རྫོང་རྒན་པའི་སྒྱུ་རྩལ་ཚོགས་ཁག་གིས་འཁྲབ་སྟོན་བྱས་པའི་ཞབས་བྲོ་བཀྲ་ཤིས་བདེ་ལེགས་བདམས་ཐོན་བྱུང་བ་དང་།2018ལོའི་དཔྱིད་གསར་དུས་ཆེན་གྱི་སྐབས་སུ།མཚན་ཚོགས་དེ་ཡུན་ནན་བརྙན་འཕྲིན་ཁང་གི་ཐོག་བསྟན་རྒྱུ་ཡིན་པ་རེད།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)