དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
མཐོ་སྒང་དུ་ཡོང་ན་ཉམས་འཇོག་བྱེད་དགོས་སའི་བདེ་ཐང་སྐོར་གྱི་རྒྱུན་ཤེས།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-01-26 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 355

       མཐོ་སྒང་ཞེས་པ་ནི་གཙོ་བོ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡན་ཡིན་པའི་ས་ཁུལ་ལ་ངོས་འཛིན་བྱེད་དགོས་ལ། རང་རྒྱལ་གྱི་མཐོ་སྒང་ས་ཁུལ་དེ་ཡུན་ནན་དང་མཚོ་སྔོན། བོད་ལྗོངས། ཀུའེ་ཀྲོའུ། ཞིན་ཅང་སོགས་སུ་ཁྱབ་ཡོད་པ་རེད། ཉེ་བའི་ལོ་འདི་དག་ལ་མཐོ་སྒང་ལ་ལས་ཀར་ཡོང་བ་དང་ཡུལ་སྐོར་ལ་ཡོང་བ། དེ་མིན་མཐའ་སྲུང་དམག་མི་སོགས་མང་བོ་ཡོད་པས།  ས་མཐོའི་ཁོར་ཡུག་མི་འཕྲོད་པའི་གནོད་འཚེ་སྔོན་འགོག་བྱ་ཆེད་བཟའ་བཏུང་ལ་ངེས་པར་དུ་ཉམས་འཇོག་བྱེད་དགོས།

       གཅིག བཟའ་བཏུང་གི་རིགས་དང་མང་ཉུང་འོས་འཚམ་ཡིན་དགོས།

བཟའ་བཏུང་གི་རིགས་ཀྱི་ཐད་ནས་གཙོ་བོ་ཐཱན་ཆུའི་འདྲེས་འདུས་རྫས་(碳水化合物)ཚད་མཐོན་པོ་འདུས་པའི་ཟས་རིགས་སྤྱོད་དགོས་ཏེ། རྒྱུ་མཚན་ཐཱན་ཆུའི་འདྲེས་འདུས་རྫས་དེ་དབྱང་དབུགས་མི་འདང་བའི་ཁོར་ཡུག་དང་སྣང་ཚུལ་ལ་ཕན་པ་ཆེན་པོ་ཡོད་པ་རེད། དཔེར་ན་མགོ་ན་བ་དང་སྐྱུག་རྒྱུ་ཡོང་བ། གཉིད་མི་བདེ་བ་སོགས་པར་ཕན་པ་ཆེན་པོ་ཡོད་པ་རེད།

       གཉིས། ཆུ་བཏུང་ཚད་ལ་ཚོད་འཛིན་ལེགས་པ་བྱེད་དགོས།

མཐོ་སྒང་ས་ཁུལ་གྱི་ནམ་ཟླ་སྐམ་གཤིས་ཆེ་བས་ལུས་པོར་ཆུའི་དགོས་མཁོ་ཇེ་ཆེར་འགྲོ་ལ། རྙིང་ཚབ་གསར་བརྗེའི་མ་ལག་རྒྱུན་ལྡན་འཁོར་སྐྱོད་ཐུབ་པར་ཉིན་རེར་ཆུ་ཧྲིན་3ནས་4འཐུང་དགོས་པ་རེད། ཉམས་འཇོག་བྱེད་དགོས་པ་ཞིག་ནི་ཐོག་དང་བོ་མཐོ་སྒང་ལ་ཡོང་བའི་མི་ཞིག་སྐོམ་རྒྱུ་མེད་པ་དང་ཆུ་འཐུང་འདོད་མེད་པའི་སྣང་ཚུལ་ཡོད་ཚེ། ལུས་པོར་ཆུ་འདུས་ཚད་ཉུང་དྲགས་པའི་ཉེན་ཡོད་དེ་ཉམས་འཇོག་བྱེད་དགོས།  དེ་ཡང་ཆུ་བཏུང་ཚད་མཐོ་དྲགས་ན་ལུས་པོར་གནོད་འཚེ་ཆེན་པོ་ཡོད་དེ། ཐོག་དང་བོ་མཐོ་སྒང་ལ་ཡོང་བ་ཡིན་པ་ན། ཆུ་བཏུང་ཚད་མང་དྲགས་ནས་གློ་བ་ཆུ་འཕར་རྒྱག་པར་ཉམས་འཇོག་བྱེད་དགོས་པ་རེད། འགུལ་སྐྱོད་མང་ན་ཆུ་ཡང་དེའི་ཚོད་ཀྱིས་མང་བོ་འཐུང་དགོས་ལ། འགུལ་སྐྱོད་ཉུང་ན་ཆུ་ཡང་དེའི་ཚོད་ཀྱིས་ཉུང་ཉུང་འཐུང་དགོས་པ་རེད།

       གསུམ། ལུས་པོའི་འཚོ་བཅུད་རྫས་ཀྱི་འདུས་ཚད་ཇེ་མཐོར་གཏོང་དགོས།

མཐོ་སྒང་ནས་ལུས་པོའི་འཚོ་བཅུད་རྫས་འདུས་ཚད་དེ་མཐོ་སྒང་མ་ཡིན་པའི་ས་ཁུལ་དང་བསྡུར་ན་མཐོ་དགོས་ལ། ལྷག་པར་ཏུ་འཚོ་བཅུད་རྫས་Cཡི་འདུས་ཚད་ཇེ་མཐོར་གཏོང་དགོས་པ་རེད།

       བཞི།  མཐོ་སྒང་ནས་ཆང་འཐུང་བར་ཉམས་འཇོག་བྱེད་དགོས།

ཁྱེད་རང་ཐོག་དང་བོ་མཐོ་སྒང་ལ་ཡོང་བ་ཡིན་ན།  ཆང་འཐུང་བར་འོས་འཚམ་མིན་ཏེ། ཆང་འཐུང་ན་སྙིང་གི་འཕར་ལྡིང་ཚད་ཇེ་མཐོར་སོང་ནས་དབུགས་འཇུབ་རྔུབ་ལ་དཀའ་ཁག་ཡོད་པའི་སྣང་ཚུལ་འབྱུང་བ་རེད།

ལྔ། མཐོ་སྒང་ནས་བཟའ་བཏུང་དང་འཕྲོད་བསྟེན་ལ་ཉམས་འཇོག་བྱ་དགོས།

ཟས་འཁྱག་དང་ཟས་རིགས་གསོན་པོ་ཟ་བར་སྔོན་འགོག་བྱེད་དགོས།

       དྲུག མཐོ་སྒང་ནས་ཇ་བཙན་པོ་འཐུང་མི་རུང་།

མཐོ་སྒང་ནས་ཇ་བཙན་པོ་འཐུང་ན་ཕོ་བ་ན་བ་དང་སྐྱུག་རྒྱུ་ཡོང་བའི་སྣང་ཚུལ་འབྱུང་སྲིད་པ་རེད།  

       བདུན། ཚི་སྣའི་རྒྱུ་འདུས་ཚད་མཐོ་བའི་ཟས་རིགས་སྤྱོད་པར་འོས་འཚམ་མིན།

       ཚི་སྣ་རྫས་འདུས་ཚད་མཐོ་བའི་ཟས་རིགས་ཏེ། དཔེར་ན་སྲན་མའི་རིགས་དང་ཀེའུ་ཚད་སོགས་ཟ་ཁ་ཟས་སུ་སྤྱོད་པར་འོས་འཚམ་མིན་པ་རེད།  འདི་དག་གི་ཁྲོད་འདུས་པའི་ཚི་སྣ་རྫས་ཀྱི་ཚད་མཐོ་བས་ལྟོ་བའི་དབུགས་མི་རྒྱུ་ལ། ཟས་འཇུ་བར་མི་ཕན་པ་རེད།        


རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )