དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
པོ་ཏ་ལ་སོགས་མཛེས་ལྗོངས་ཁུལ་དུ་རིན་པ་མི་དགོས་པར་སྒོ་འབྱེད་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-02-02 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 5053


     གསར་འགོད་པས་བོད་རང་སྐྱོང་ལྗོངས"དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་བསྐྱོད།• འཛམ་གླིང་ཡང་རྩེ་མཉམ་དུ་ལོངས་སུ་སྤྱོད"ཅེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྔར་བས་སྐུལ་སྤེལ་གཏོང་བ་དང་། ས་ཁོངས་ཡོངས་སུ་དུས་ཡུན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་ཕྱིར། བོད་ལྗོངས་ཀྱིས་2018ལོའིཟླ་2ཚེས་1ཉིན་ནས་ཟླ་4ཚེས་30ཉིན་བར་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་ཡུལ་སྐོར་བ་ཚོར་ཕོ་བྲང་པོ་ཏ་ལ་སོགས་ལྗོངས་ཡོངས་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་རིན་པ་མི་ལེན་པར་ཡུལ་སྐོར་བ་ཚང་མར་སྒོ་འབྱེད་རྒྱུ་ཚུད་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱེད་རྒྱུ་རེད།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)