དབུ་ཤོག >> མི་རིགས་ཆོས་ལུགས། >> ཡུལ་སྲོལ་གོམས་གཤིས།
ལྟད་མོ་ཆེ་བའི་གདོད་མའི་སྲོལ་རྒྱུན་མི་རིགས་ཀྱི་དམངས་ཁྲོད་གླུ་གར།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-02-07 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 257

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་5ཉིན།བདེ་ཆེན་ཁུལ་རིག་གནས་དང་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་པར་སྐྲུན་ཅུས་ཀྱིས་གཙོ་སྒྲུབ་བྱས་པ་དང་བདེ་ཆེན་ཁུལ་རིག་གནས་ཁང་གིས་སྒྲུབ་འགན་འཁུར་ལེན་བྱས་པ།བདེ་ཆེན་ཁུལ་གླུ་གར་ཚོགས་པས་རོགས་སྒྲུབ་བྱས་པའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བཟུང་བ་ཞེས་པའི་2018ལོའི་བདེ་ཆེན་ཁུལ་རིག་གནས་ཁང་གི་དཔྱིད་བསུ་རིག་གནས་ཀྱི་དམངས་ཕན་བྱེད་སྒོའི་བདེ་ཆེན་སྲོལ་རྒྱུན་མི་རིགས་ཀྱི་དམངས་ཁྲོད་གླུ་གར་དང་རོལ་དབྱངས།སྒྱུ་རྩལ་འགྲེམ་སྟོན་བདེ་ཆེན་ཁུལ་རིག་གནས་ཁང་དུ་བསྡུས་པ་དང་།གདོད་མའི་སྲོལ་རྒྱུན་མི་རིགས་ཀྱི་དམངས་ཁྲོད་གླུ་གར་གྱི་འཁྲབ་ཚན་14འཁྲབ་སྟོན་བྱས་ཡོད།


འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་གྱི་བསོད་ནམས་ཕུན་ཚོགས་ཀྱིས་ཁ་བ་དཀར་པོའི་མཆོད་འབུལ་འཁྲབ་སྟོན་བྱེད།


འཇོལ་རྫོང་ཡན་མན་ཤང་ཉི་ཐུང་གྲོང་སྡེ་ཡིས་ཡན་མན་མགྲོན་བཀུར་གླུ་གར་འཁྲབ་སྟོན་བྱེད།


སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའུ་ཅི་ཤང་མྱི་ཟུར་གྲོང་སྡེའི་ཨ་བཀྲ་ཏ་བློ་བཟང་ཕུན་ཚོགས་ཀྱིས་གེ་སེར་གྱི་སྒྲུང་གླུ་ལེན།


འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཡུས་ཅེ་གྲོང་སྡེས་ཀོང་རྩེད་རའི་སྐོར་བྲོ་འཁྲབ་སྟོན་བྱེད།


སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པྰ་ཤང་པའེ་ཏི་གྲོང་སྡེའི་ཧོ་ཧྲུའུ་ཁུན་སོགས་ཀྱིས་སྟོན་པའི་མཆོད་འབུལ་གླུ་གར་འཁྲབ་སྟོན་བྱེད།


སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲན་ཅང་ཤང་གི་ཞང་ཡིའུ་ཧྥང་དང་ལིའུ་ཝུན་དབྱི་སོགས་ཀྱིས་གཙང་འགྲམ་གྱི་གཞས་ཐུང་ལེན།


སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའུ་ཅི་ཤང་ཡན་ལུའོ་གྲོང་སྡེའི་ཧའེ་ལིའུ་ཆི་དང་ཅིན་ཅང་གྲོང་རྡལ་གྱི་གུའུ་ཅིན་ཁྲེན་གྱིས་ཀ་བེད་གླིང་བུ་འཁྲབ་སྟོན་བྱེད།

     འབའ་ལུང་རྫོང་ཕང་ཐན་སྒང་ཤང་གིས་ཝ་ཆི་ཆི་འཁྲབ་སྟོན་བྱེད།


སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གནམ་གསལ་གྲོང་སྡེ་ཡིས་རྒྱལ་ཐང་སྐོར་བྲོ་འཁྲབ་སྟོན་བྱེད།


སྟག་མཆོང་གྲོང་རོང་གྲོང་རྡལ་པའོ་ཧྲན་གྲོང་སྡེའི་ལི་ཅིན་གྱིས་དབྱི་རིགས་ཀྱི་ཁ་ཝང་འཁྲབ་སྟོན་བྱེད།


འབའ་ལུང་རྫོང་ཀྲུང་ལུའུ་ཤང་ལ་ཀོའུ་ལིའུ་དང་སའོ་ཁའེ་དབྱི་ཞེས་པའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་མཐུན་ཚོགས་ཀྱིས་པའེ་རིགས་ལ་མྰ་མིས་ལ་ཀོའུ་ལིའུ་འཁྲབ་སྟོན་བྱེད།


སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའུ་ཅི་ཤང་མྱི་ཟུར་གྲོང་སྡེས་མྱི་ཟུར་སྐོར་བྲོ་འཁྲབ་སྟོན་བྱེད།


འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་འབའ་གྲུ་གྲོང་སྡེའི་རྗེ་བཙོན་མི་ལ་རིག་གནས་རྒྱུན་འཛིན་སྲུང་སྐྱོང་མཐུན་ཚོགས་ཀྱིས་རས་གནའ་བོའི་རས་པ་འཁྲབ་སྟོན་བྱེད།


བདེ་ཆེན་ཁུལ་པི་ཝང་མཐུན་ཚོགས་ཀྱིས་པི་ཝང་འཁྲབ་སྟོན་བྱེད།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)