དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> སྐྱེ་ཁམས་སྲུང་སྐྱོང་།
སེམས་ཀྱི་ཉི་ཟླའི་སྐབས་བཞི་པའི་དཔྱིད་ཀའི་མེ་ཏོག་འགྲེམ་སྟོན་སྤེལ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-02-15 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 961

      ཉེ་སྔོན།  སེམས་ཀྱི་ཉི་ཟླའི་སྐབས་བཞི་པའི་དཔྱིད་ཀའི་མེ་ཏོག་འགྲེམ་སྟོན་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླའི་ས་མཐོའི་རྩི་ཤིང་ལྡུམ་ར་ནས་སྤེལ།
 སྐབས་འདིའི་འགྲེམ་སྟོན་དུ་ཁུན་མིང་དང་ཏཱ་ལི།  དེ་མིན་བདེ་ཆེན་རང་ཡུལ་གྱི་བྲག་སྤོས་མེ་ཏོག་དང་རྩ་ཟླུམ་མེ་ཏོག་སོགས་ཀྱི་མེ་ཏོག་ཁོག་མ་550ཡོད་པ་དང་།  མེ་ཏོག་གི་མྱུ་གུ་3000ལྷག་དང་།  ངོ་མཚར་ཅན་གྱི་རྡོ་བརྒྱ་ལྷག་ཡོད་པ་རེད།
 མེ་ཏོག་འགྲེམ་སྟོན་བྱེད་པའི་དུས་སྐབས་སུ།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་།  ཡིག་རིས་མཁས་ཅན་མཐུན་ཚོགས།  པར་ལེན་མཁན་མཐུན་ཚོགས་གདན་འདྲེན་བྱས་ནས་རྩི་ཤིང་ལྡུམ་རར་ཡིག་རིས་དང་འདྲ་པར་སོགས་ཀྱི་གསར་རྩོམ་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་།  སྣ་མའི་མེ་ཏོག   འདྲ་པར།  ཡིག་རིས།  ངོ་མཚར་ཅན་གྱི་རྡོ་སོགས་ཀྱི་དཔྱད་བསྡུར་བྱེད་སྒོ་སྤེལ་རྒྱུ་རེད།
       མེ་ཏོག་འགྲེམ་སྟོན་བྱེད་སྒོ་དེ་ཉིན་50སྤེལ་རྒྱུ་ཡིན་ཏེ་ཟླ3པའི་ཚེ་31ཉིན་རྫོགས་རྒྱུ་ཡིན་ལ།     རྒྱ་ཆེ་བའི་མེ་ཏོག་དང་སྐྱེད་ཚལ་སྒྱུ་རྩལ་ལ་དགའ་ཞེན་ཡོད་པའི་གྲོང་མི་དང་ཡུལ་སྐོར་བས་ལྟད་མོ་ལྟ་འགྲོ་ཆོག   དེ་མིན་བདེ་ཆེན་ཁུལ་གྱི་སྡོད་དམངས་ལ་སྒོ་འཛིན་མི་དགོས་པར་སྒོ་འབྱེད་རྒྱུ་རེད།         
    

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)