དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> ཡུལ་སྐོར་འགྱུར་སྟངས།
ལོ་གསར་གྱི་སྐབས་སུ་སེམས་ཀྱི་ཉི་ཟླའི་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་20%མར་ཕབ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-02-15 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 901

    ལོ་གསར་གྱི་སྐབས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྗོངས་ཁུལ་སོ་སོས་སྒོ་འཛིན་རིན་གོང་20%མར་ཕབ་རྒྱུའི་བྱེད་སྒོ་བསྡུས་པ་མ་ཟད། དུས་མཚུངས་སུ་ཡུལ་སྐོར་བ་སྣེ་ལེན་བྱེད་རྒྱུའི་གྲ་སྒྲིག་ལེགས་པོ་བྱེད་བཞིན་ཡོད། 
   རྒྱུས་ལོན་བྱུང་པ་ལྟར་ན།  ཟླ་2པའི་ཚེས་15ཉིན་ནས་ཟླ2པའི་ཚེས་21ཉིན་གྱི་བར་དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་མི་ཐེངས་རེར་སྒོར་115ནས་མི་ཐེངས་རེར་སྒོར་99རུ་མར་ཕབ་ཡོད་ལ། བྱིས་པའི་སྒོ་འཛིན་རིན་གོང་དེ་མི་ཐེངས་རེར་སྒོར་75ནས་67དུ་མར་ཕབ་ཡོད། དེའི་ཁྲོད་རླངས་འཁོར་གྱི་རིན་གོང་དང་སྣེ་ཤན་པའི་གླ་གཉིས་ལ་འགྱུར་ལྡོག་བཏང་མེད་པ་རེད། སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱི་མི་དར་མའི་སྒོ་འཛིན་རིན་གོང་དེ་མི་རེར་སྒོར་65ནས་མི་རེར་སྒོར་52སུ་མར་ཕབ་ཡོད།  ཆུ་དཀར་ཆུ་ནག་ལྗོངས་ཁུལ་གྱི་མི་དར་མའི་སྒོ་འཛིན་རིན་གོང་དེ་མི་རེར་སྒོར་30ནས་མི་རེར་སྒོར་24རུ་མར་ཕབ་ཡོད། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྒོ་འཛིན་རིན་གོང་(ཁོར་སྲུང་རླངས་འཁོར་གླ་ཚུད)མི་རེར་སྒོར་130ཡིན། 
 པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཡུལ་སྐོར་ཞབས་ཞུ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཅིན་གྱིས་ལོ་གསར་བར་ཉེ་བའི་སྐབས་འདིར་ང་ཚོས་བཞུད་ལམ་ཤར་གཏོང་དང་རླངས་འཁོར་གྱི་བཀོད་སྒྲིག ལས་རེས་མི་སྣ་སོགས་ཀྱི་ཕྱོགས་ནས་སྒྲིག་བཀོད་འཐུས་ཚང་བྱས་ཡོད་དེ། སྤུས་ལེགས་ཀྱི་ཞབས་ཞུས་ཕྱོགས་ཀུན་ནས་ཡོངས་པའི་མགྲོན་པོ་སྣེ་ལེན་བྱས་ནས། ཡུལ་སྐོར་བ་རྣམས་རེ་བས་ཁེངས་ནས་ཡོང་ལ་ཡིད་ཚིམས་པར་ཕྱིར་ལོག་ནས་སེམས་ཀྱི་ཉི་ཟླ་རུ་སྤྲོ་སྐྱིད་ལྡན་པའི་ལོ་གསར་བ་ཞིག་ལ་རོལ་ཐུབ་པ་བྱེད་རྒྱུ་ཁོ་ཐག་ཡིན་ཞེས་བཤད། 
   པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ལས་བཟོ་བ་ཀྲང་ཅན་ཅུན་གྱིས་ལོ་གསར་གྱི་སྐབས་ལ་ང་ལས་རེས་པ་ཡིན་པས་བཟའ་མི་རྣམས་དང་མཉམ་དུ་ལོ་གསར་ལ་རོལ་ཐུབ་རྒྱུ་མ་རེད། འོན་ཀྱང་ངས་རང་ཉིད་ཀྱི་ལས་གནས་དམ་སྲུང་གིས་སྤྲོ་སེམས་ཁོལ་བའི་ངང་ནས་ཕྱོགས་ཀུན་ནས་ཕེབས་ཡོང་བའི་མགྲོན་པོར་ཞབས་ཞུ་མཁོ་འདོན་བྱས་ནས། ཁོ་ཚོར་ལོ་གསར་གྱི་སྐབས་ལ་སེམས་ཀྱི་ཉི་ཟླར་ཡོང་བ་ནི་ཆེས་ལེགས་པའི་འདེམས་ག་ཞིག་རེད་འདོད་པའི་ཚོར་བ་ཞིག་ཡོད་པར་བྱེད་རྒྱུ་ཡིན་ཞེས་བཤད། 
 ལོ་གསར་གྱི་སྐབས་ལ་ཡུལ་སྐོར་སྣེ་ལེན་གྱི་ལས་ཀ་ཡོད་ཚད་ལེགས་འགྲུབ་དང་གོ་རིམ་ལྡན་པ་ཞིག་ཡོང་ཆེད་སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་སྒྲིག་བཀོད་ཚགས་དམ་དང་རྩ་འཛུགས་ཞིབ་ཚགས་ཀྱིས་སྔོན་འགོག་གཙོ་བོ། བདེ་འཇགས་དང་པོ་ཞེས་པའི་ལམ་ཕྱོགས་ལྟར། ལྗོངས་ཁུལ་གྱི་ཕྱོགས་སོ་སོའི་མངོན་མེད་ནང་རྐྱེན་ལ་ཞིབ་བཤེར་བྱས་ཤིང་། སྒྲིག་བཀོད་སྒྲིག་ཆས་དང་ལྗོངས་ཁུལ་གྱི་གཞུང་ལམ། ལྗོངས་གཟིགས་བརྒྱུད་ལམ། ལྗོངས་གཟིགས་སྟེགས་བུ་བཅས་ལ་བདེ་འཇགས་ཐད་ཡོད་པའི་མངོན་མེད་རྐྱེན་ངན་ལེགས་སྒྲིག་བྱས་པ་རེད།      (རིན་ཆེན་ཚེ་རིང་གིས་བསྒྱུར།)

རྩོམ་སྒྲིག་པ། (ཚེ་དོན།)