དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
དགའ་སྐྱིད་ལྡན་པའི་ཤམ་བྷ་ལའི་སྤྲོ་ཚོགས་ཆེན་མོ།༼༢༽
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་རིང་དོན་གྲུབ། དུས་ཚོད། 2018-02-19 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1175

        2018ལོའི་ཁམས་པའི་སྒྱུ་རྩལ་དུས་ཆེན་བསུ་བའི་བོད་ས་ཕོ་ཁྱི་ལོའི་སྤྲོ་སྐྱིད་ལྡན་པའི་ཤམ་བྷ་ལ་ཞེས་པའི་དམངས་སྲོལ་རིག་གནས་རིམ་སྤེལ་བྱེད་སྒོ་དེ་ཟླ2པའི་ཚེས17ཉིན་གྱི་སྔ་དྲོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས་པ་རེད། ཐེངས་འདིའི་བྱེད་སྒོ་ཐོག་གླུ་དང་གར། རོལ་དབྱངས་སོགས་ལེ་ཚན15ལྷག་འཁྲབ་སྟོན་བྱས་ཡོད། ཉིན་དེའི་ཕྱི་དྲོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་སོ་སོ་ནས་ཡོང་བའི་འཐུས་ཚབ་རུ་ཁག་གིས་རྒྱ་ཆེའི་མང་ཚོགས་ལ་གསོན་ཉམས་ལྡན་པའི་དམངས་ཁྲོད་གླུ་གར་སྒྱུ་རྩལ་གྱི་ལྟད་མོ་གྱ་ནོམ་པ་ཞིག་ཕུལ་ཡོད་ཅིང་། གཤམ་ནས་ང་ཚོས་འདྲ་པར་བརྒྱུད་དེ་ལེ་ཚན་གྱི་ནང་དོན་རོལ་མྱོང་ཐེངས་ཤིག་བྱ། 


 


རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )