དབུ་ཤོག >> མི་རིགས་ཆོས་ལུགས། >> སྲོལ་རྒྱུན་དུས་སྟོན།
ཁྱེད་ཚོའི་ཕ་ཡུལ་ན་སྡེར་ཁ་འདི་འདྲ་ཡོད་དམ།
རྩོམ་པ་པོ། པདྨ་མ་མཚོ། དུས་ཚོད། 2018-02-20 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 805

    བོད་མི་ནི་བཀྲ་ཤིས་རྟེན་འབྲེལ་ལ་ཧ་ཅང་གཙིགས་ཆེན་བྱེད་པའི་མི་རིགས་ཞིག་ཡིན་ལ།བཀྲ་ཤིས་པའི་ཉིན་མོ་གང་ཞིག་ཡིན་རུང་རྟེན་འབྲེལ་མཚོན་བྱེད་དུ་སྡེར་ཁ་སྣ་མང་བསྒྲིགས་པའི་སྲོལ་ཡོད།     ཡུན་ནན་བདེ་ཆེན་ཁུལ་གྱི་ཀོང་རྩེད་རའི་གྲོང་རྡལ་དུ་བཀྲ་ཤིས་དུས་སྟོན་གྱི་སྐབས་སུ་ཐུན་མོང་མ་ཡིན་པའི་སྡེར་ཁ་འདི་འདྲ་བཤམས་སྲོལ་ཡོད་དེ།གཉེན་སྟོན་དང་ཁང་སྟོན།བུ་སྟོན་སོགས་སྟོན་མོ་སྣ་ཚོགས་དང་ལོ་གསར་སོགས་དུས་སྟོན་སྣ་ཚོགས་སུ་སྡེར་ཁ་འདི་ནི་མེད་དུ་མི་རུང་བ་ཞིག་ཡིན།

    སྡེ་མིའི་རྒན་རབས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན།བཀྲ་ཤིས་ཟས་སྣ་འདི་གསུམ་ནི་བྱང་ཆུབ་སྡོང་བོའི་མཚོན་རྟགས་ཡིན་ལ།བག་ལེབ་ཀྱིས་བྱང་ཆུབ་སྡོང་བོའི་འབྲི་རྡོག་མཚོན་པ་དང་།དཀར་ལེབ་ཀྱིས་བྱང་ཆུབ་སྡོང་བོའི་ལོ་མ་མཚོན་པ།སྲན་སྣ་ཡིས་བྱང་ཆུབ་སྡོང་རྩ་མཚོན་པས།བཀྲ་ཤིས་རྟེན་འབྲེལ་གྱི་མཚོན་རྟགས་ཡིན་པས།བཀྲ་ཤིས་ཉིན་མོ་ལ་ཀོང་རྩེད་རའི་ཁྱིམ་ཚང་སུ་ཚང་ལ་སོང་ནའང་རྫས་སྣ་འདི་གསུམ་བཤམས་ཡོད་ཟེར། 

བཀྲ་ཤིས་པའི་ཟས་འདི་གསུམ་ལ་ཡུལ་མི་རྣམས་ཀྱིས་ཁ་སྐད་དུ་བག་ལེབ་དང་དཀར་ལེབ། སྲན་སྣ་བཅས་ཟེར།


 


རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )