དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གསོའི་རིགས་གཞུང་།
མོའོ་ཡན་གྱིས་ཁྱིམ་ཚང་གི་སློབ་གསོ་ཡག་པོ་ནི་ཚིག་ལྔ་ལ་ཁུ་བསྡུས་འདུག
རྩོམ་པ་པོ། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། དུས་ཚོད། 2018-02-21 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 755

01 ཕ་མ་ཡག་པོ་ཚང་མ་ནི་སྦྱངས་ནས་ཤེས་པ་ཞེ་ཅིག་རེད།

ལྷན་སྐྱེས་ནས་ལེགས་གྲུབ་བྱུང་བའི་ཕ་མ་ཞིག་མེད་ལ།སློབ་སྦྱོང་བྱེད་མི་དགོས་པའི་ཕ་མ་ནི་དེ་བས་ག་ལ་ཡོད།གྲུབ་འབྲས་ཐོབ་པའི་ཕ་མ་ཚང་མ་སློབ་སྦྱོང་ཟམ་མི་ཆད་པར་བྱས་པའི་འབྲས་བུ་ཞེ་ཅིག་རེད།

ཕུལ་དུ་བྱུང་བའི་ཨ་མ་ཞིག་གིས་ཐ་ན་འདི་ལྟར་ཀྱང་བཤད་མྱོང་ཡོད་པ་སྟེ།

མི་མང་པོ་ཞིག་གིས་ང་གནས་བཟོད་ཧ་ཅང་བདེ་པོ་ཡོད་པའི་ངོས་འཛིན་བྱས་ཏེ།རང་གི་ཕྲུ་གུ་ནི་ཕུལ་དུ་བྱུང་བ་ཞིག་རེད་འདུག  ཇུས་གཏོགས་རྩ་བ་ནས་བྱེད་དགོས་མི་འདུག་ཅེས་ཤོད་ཀྱི་ཡོད།དོན་དངོས་ཐོག་ང་དགོང་མོ་གཉིད་ཉལ་དུས་ཀྱང་མིག་ཡ་གཅིག་བགྲད་ནས་ཉལ་གྱི་ཡོད་པ་ཚང་མ་ཤེས་མདོག་ཁ་པོ་མ་རེད།

ཨ་མ་ཡག་པོས་གནད་དོན་ཚང་མར་དོགས་པ་ཆེར་སྐྱེད་བྱེད།འོན་ཏེ་ཚད་མི་ལོན་པའི་ཨ་མ་ཞིག་གི་ཕྲུ་གུའི་གནད་དོན་ཧ་ཅང་ཚབས་ཆེན་པོར་འགྱུར་ནས་རྒན་ལགས་ཀྱིས་ཀྱང་ཐེངས་མང་འཚལ་མྱོང་ཡང་ཨ་མས་གནད་དོན་ཡོད་མེད་སྐོར་ད་དུང་གོ་མེད་ཚོར་མེད་ངང་སྡོད་ཀྱི་ཡོད།

དུས་རབས་ཉེར་གཅིག་ཏུ་སླེབས་པས།ཆ་འཕྲིན་གྱི་སྤྱི་ཚོགས་ཀྱིས་མིའི་བྱང་ཚད་ཀྱི་རེ་བ་ཇེ་མཐོར་ཕྱིན་ཏེ།ལས་གནས་གང་འདྲ་ཞིག་ཡིན་ནའང་གསོ་སྦྱོང་དང་དཔྱད་ཞིབ་བྱེད་དགོས་ཡོད་མོད།འོན་ཏེ་ཕྲུ་གུ་སྐྱེ་གསོ་དང་སློབ་གསོ་གཅིག་པུ་གསོ་སྦྱོང་བྱེད་མི་དགོས་པར་རང་འགུལ་གྱིས་ལས་གནས་ཐོག་བསྐྱོད་དེ་ནམ་ཡང་ལས་གནས་ལས་བྲལ་མི་སྲིད་པར་ངོས་འཛིན་པ་དེ་ནི་ནོར་འཁྲུལ་གྱི་ལྟ་བ་ཞིག་རེད།

མི་ཚང་མས་རང་ཉིད་ཕ་མ་མ་ཆགས་གོང་གི་འབྲེལ་ཡོད་ཀྱི་ཤེས་བྱ་སྦྱོང་དགོས་ཤིང་།ཕ་མ་ཇི་ལྟར་བྱེད་དགོས་མིན་གྱི་འདུ་ཤེས་དང་ཤེས་བྱ་ཇི་ཙམ་སྔ་བ་ཤེས་པ་དེ་ཙམ་གྱིས་ལེགས་པ་ཡོད་ལ་ཇི་ཙམ་ཕུན་སུམ་ཚོགས་པ་དེ་ཙམ་ལེགས་པ་ཡོད།

02 ཕྲུ་གུ་ཡག་པོ་ཚང་མ་ནི་བསླབ་ནས་ཤེས་པ་ཞེ་ཅིག་རེད།

ང་ཕུལ་བྱུང་གི་ཕ་མ་བརྒྱ་ཕྲག་དང་འབྲེལ་འདྲིས་བྱེད་མྱོང་ཡོད།ཁོང་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ནི་ཕྲུ་གུར་སློབ་གསོ་རྒྱག་པའི་ཐད་བསམ་བློ་ཞིབ་མོ་གཏོང་གི་ཡོད།འོན་ཏེ་མི་འགའ་ཤས་ཀྱིས་ཕ་མ་མང་པོ་ཞིག་ཡི་གེ་ན་གཅིག་ཀྱང་ཤེས་ཀྱི་མེད་ཀྱང་ཕྲུ་གུར་སློབ་གསོ་ཡག་པོ་བརྒྱབ་མི་འདུག་གམ་ཞེས་བརྗོད་ཀྱི་ཡོད། དོན་དངོས་ཐོག་ཡིག་རྨོངས་བས་སློབ་གསོ་རྒྱག་མི་ཐུབ་པ་མ་ཡིན་པར་ཕ་མ་དེ་དག་གིས་སློབ་གསོ་རྒྱག་པར་འཇོན་ཐག་ཆོད་ཡོད་པ་རེད།

《དོ་གནད་འདྲི་གླེང》ལེ་ཚན་ནང་འཛམ་གླིང་སློབ་འབྲིང་གི་ཨའོ་ལིམ་ཕིག་གྲངས་རིག་གི་གསེར་གྱི་རྟགས་མ་ཐོབ་མཁན་ཨན་ཅིན་ཕུང་གི་བྱས་རྗེས་སྐོར་ངོ་སྤྲོད་བྱས་ཡོད་པ་སྟེ།ཁོང་གི་གཙོ་གནད་སློབ་འབྲིང་དུ་ཡིག་རྒྱུགས་འཕྲོད་ནའང་ཁྱིམ་ཚང་ཧ་ཅང་དབུལ་ཞིང་ཕོངས་པས་སློབ་ཡོན་སྤྲོད་མི་ཐུབ་པར་འགྱུར།ཁོང་གི་པ་ཕས“ཁོང་གླ་པ་བྱེད་པར་འགྲོ་དགོས། མི་མང་པོ་ཞིག་སློབ་གྲྭ་ཆེན་མོ་ནས་ཐོན་ནའང་ལས་ཀ་རག་གི་མི་འདུག  དེ་བས་ཁྱོད་རང་སློབ་གྲྭ་ཆེན་མོར་ཚུད་མིན་སུས་ཤེས”ཞེས་བཤད་པར།ཨ་མས་མོས་མཐུན་མ་བྱས་པར་ཁྱིམ་ཚང་ནང་གི་བོང་བུ་གཅིག་རང་ཡོད་པ་སྟེ་བཙོངས་ནས་སློབ་ཡོན་སྤྲད།ཁོང་ནི་སློབ་གྲྭའི་ནང་དཀར་ཟས་ཀྱང་ཟ་ཐབས་བྲལ་བ་དང་།ཡི་ཙེ་སོགས་འཁྲུ་རྫས་ཀྱང་ཉོ་མི་ཐུབ་པའི་སློབ་མ་གཅིག་པུ་དེ་ཡིན་པས་སོ་སོ་རང་ཉིད་ལ་མ་བརྟེན་ཀ་མེད་བྱུང་།ཨ་མ་དེར་སྐད་ཆ་དྲིས་དུས།ཨ་མ་དེ་ནི་སློབ་ཆུང་ཡང་ཐོན་མེད་ནའང་རང་གི་ཕྲུ་གུ་སློབ་ཆུང་མ་བསྐྱོད་གོང་ནས་སྡོམ་འཐེན་སྒྱུར་བགོས་བྱང་ཆུབ་པ་རྩིས་ཐུབ་པ་བྱེད་དུ་བཅུག་མོད།འོན་ཏེ་དོན་དག་དེ་ལྟ་བུར་སློབ་ཆེན་ཐོན་པའི་པ་ཕ་སུས་སྒྲུབ་ཐུབ་བམ།

03  གོམས་གཤིས་ལེགས་པོ་ཚང་མ་ནི་བྱང་གོམས་ཐེབས་པ་ཞེ་ཅིག་རེད།

ཕ་མ་མང་པོ་ཞིག་གིས་ཕྲུ་གུའི་གོམས་གཤིས་ངན་པོ་དེ་དག་སློབ་གྲྭ་དང་།དགེ་རྒན།ཕྲུ་གུ་བཅས་ལ་འཁང་ར་བྱེད་པ་ལས་རང་ཉིད་ཀྱི་གཟུགས་པོའི་ཐོག་རྒྱུ་མཚན་རྩ་བ་ནས་བཙལ་འཚོལ་བྱེད་ཀྱི་མེད།

དོན་དངོས་ཐོག་ཕྲུ་གུའི་གཟུགས་པོའི་ཐོག་གི་གོམས་གཤིས་བཟང་ངན་གང་ཞིག་ཡིན་རུང་ཚང་མ་ཕ་མས་རྐང་བཙུགས་པའམ་ཡང་ན་སྣང་མེད་ངང་གསོ་སྐྱོང་བྱས་པ་ཞིག་སྟེ།འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལད་མོ་ཡིན་པ་བཞིན་ཕ་མས་དུས་དང་རྣམ་པ་ཀུན་ཏུ་སྣང་མེད་དུ་བྱེད་པའི་བྱ་སྤྱོད་དེ་དག་དོན་དངོས་ཐོག་ཕྲུ་གུས་སྦྱོང་གི་ཡོད་པ་དེ་ནི་ཕ་མས་རྐང་བཙུགས་ནས་བསླབས་པ་དང་ཁྱད་མེད་པ་དེ་ནི“མངོན་མེད་ཀྱི་སློབ་གསོ”“མངོན་ཡོད་ཀྱི་སློབ་གསོ”ལས་ཟིལ་ཤུགས་དེ་བས་ཆེ་བའི་ངོ་བོའི་སློབ་གསོ་ཡིན་པ་རེད།

ཕུལ་བྱུང་གི་བུ་ཕྲུག་མང་བ་ནི་སྤུས་ཚད་མཐོ་བའི་སློབ་གསོའི་ཐོན་དངོས་ཡིན་པ་དང་།གནད་དོན་ཡོད་པའི་བུ་ཕྲུག་མང་བ་ནི་གནད་དོན་ཡོད་པའི་ཁྱིམ་ཚང་གི་ཐོན་དངོས་ཡིན་པ་རེད།

བུ་ཕྲུག་གི་གནད་དོན་མང་ཆེ་བ་བུ་ཕྲུག་རང་ངོས་ཀྱིས་བཟོས་པ་ཞིག་མ་ཡིན་པར།ཕ་མའི་གནད་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་སྟེ།ཕ་མ་ནི་བུ་ཕྲུག་ལ་གནད་དོན་ཡོད་པ་བཟོ་མཁན་གྱི་བྱེད་གཏེ་དེ་ཡིན་པ་མ་ཟད།བུ་ཕྲུག་ནོར་འཁྲུལ་དང་སྐྱོན་ཆ་ཡོ་བསྲང་བྱེད་པའི་འགོག་རྐྱེན་ཆེ་ཤོས་དེའང་ཡིན་པ་རེད།

04 གྲུབ་འབྲས་ལེགས་པོ་ཐམས་ཅད་ནི་རོགས་རམ་བྱས་ཏེ་བྱུང་བ་ཞེ་ཅིག་རེད།

བྱང་ཚད་སློབ་གསོ་དང་རྒྱུགས་ལེན་སློབ་གསོའི་སྐོར་སྤྱི་ཚོགས་ཧྲིལ་པོས་ངོས་འཛིན་ཡང་དག་པ་བྱེད་དགོས།རྒྱུགས་ལེན་སློབ་གསོ་ནི་སློབ་གྲྭ་དང་ཁྱིམ་བདག་གཉིས་ཀས་གཡོལ་ཐབས་བྲལ་བའི་གནད་དོན་ཞིག་ཡིན་ཞིང་།སློབ་གྲྭ་དང་ཁྱིམ་བདག་གིས་ཐུན་མོང་ཐོག་འཚམ་མཐུན་ཡོང་བ་བྱེད་དགོས།བསྡོམས་རྩིས་ལ་གཞིགས་ན།རང་རྒྱལ་དུ“ལས་མེད”ཀྱི་ནར་མ་སོན་པ་ཁྲི་1000ཙམ་ཡོད་པ་རེད།ལས་མེད་ནར་མ་སོན་པ་ནི་སློབ་གྲྭར་སློབ་སྦྱོང་བྱེད་དགོས་ཀྱང་བྱེད་མི་འདོད་པར་སློབ་མཚམས་ཆད་དུ་འཇུག་མཁན་ལ་ཟེར་བ་སྟེ།དེའི་ནང་གི་94%ནི་སྦྱངས་འབྲས་

གཟེངས་སུ་མི་ཐོན་པའི་འབ།འབྲས་བུ་ཡིན་ཞིང་།སྦྱངས་འབྲས་རྗེས་སུ་ལུས་པ་དང་།སློབ་སྦྱོང་བྱ་རྒྱུར་སུན་སྣང་བྱེད་པ།སློབ་བྱོལ་བྱེད་པ།ནང་ནས་ཐོན་ཏེ་གར་སོང་ཆ་མེད་དུ་གྱུར་བ་བཅས་ནི་དེང་གི་དུས་སུ་ནར་མ་སོན་མཁན་བྱས་ཉེས་གསོག་པའི་བྱ་རིམ་བཞི་ཡིན་པར་བརྟེན།བུ་ཕྲུག་རྒྱུགས་ལེན་སློབ་གསོ་དང་ལེན་བྱ་རྒྱུ་དེའང་ང་ཚོས་ཕ་མས་བསྒྲུབ་དགོས་ངེས་ཀྱི་འོས་འགན་ཞིག་ཡིན་པ་དང་།བུ་ཕྲུག་གི་ཁུར་པོ་ཡང་དུ་གཏོང་ཐུབ་པའི་ཐབས་ཤེས་ཡག་ཤོས་ནི་ང་ཚོ་ཕ་མའི་ཁུར་པོ་ལྕི་རུ་གཏོང་རྒྱུ་སྟེ།ང་ཚོ་ཕ་མ་རྣམ་པ་བུ་ཕྲུག་གི་སློབ་སྟོན་པར་འགྱུར་བ་བྱ་རྒྱུ་དེ་རེད།གྲུབ་འབྲས་ལེགས་པོ་དེ་སློབ་གྲྭའི་དགེ་རྒན་གྱིས་བསླབ་བདེན་པ་རེད།འོན་ཏེ་རྒྱུགས་ལེན་སློབ་གསོའི་འགྲན་རྩོད་ཆེན་པོ་འདི་ལྟ་བུའི་དེང་གི་དུས་འདིར་གཟེངས་སུ་ཐོན་པའི་སློབ་སྦྱོང་གི་སྦྱངས་འབྲས་དེ་དག་ནང་ཕ་མའི་ཁྲག་དང་རྔུལ་ཆུ་དེ་བས་མང་བ་བཞུར་བཞིན་མཆིས།   

05 འབྲེལ་འདྲིས་ལེགས་པོ་ནི་ཉན་ནས་བྱུང་བ་ཞེ་ཅིག་རེད།

ཕྲུ་གུ་དམའ་རིམ་སློབ་འབྲིང་དང་།མཐོ་རིམ་སློབ་འབྲིང་དུ་སླེབས་པའི་ཁྱིམ་བདག་གི་ངོས་ནས་བརྗོད་ན།ཕལ་ཆེ་བར་དཀའ་ངལ་ཞིག་ཡོད་པ་དེ་ནི་ཕྲུ་གུ་དང་འབྲེལ་བ་བྱེད་ཁག་པ་དེ་རེད།

ལང་ཚོ་དར་ལ་བབ་པའི་དུས་ཀྱི་བུ་ཕྲུག་དང་ན་ཚོད་བརྒལ་བའི་དུས་ཀྱི་ཨ་མའི་བར་ལ་འགལ་བ་དེ་བས་མང་བ་ཡོད་པ་སྟེ།ནང་སེམས་བག་ཕེབས་མེད་པའི་དུས་སུ་སླེབས་ཡོད་པ་མ་ཟད།དེ་བས་གལ་ཆེ་བ་ཞིག་ནི་ཕྱི་ནས་གནོན་ཤུགས་ཡོད་པ་སྟེ།བུ་ཕྲུག་ལ་སློབ་འཕར་གྱི་གནོན་ཤུགས་དང་ཡོད་པ་དང་།ཨ་མར་ལས་ཀའི་གནོན་ཤུགས་ཡོད་པར་བརྟེན།ཕ་མ་དང་བུ་ཕྲུག་དབར་དེ་བས་འབྲེལ་འདྲིས་བྱེད་དགོས།

ཕུལ་བྱུང་གི་ཨ་མས་དེའི་ཐད་ཧ་ཅང་ཡག་པོ་བསྒྲུབས་ཡོད་པ་སྟེ།ཁོང་ཚོའི་དབར་འབྲེལ་འདྲིས་ཡག་པོ་ཡོད་པ་དེ་ནི་རང་འགུལ་ངང་གཤམ་གསལ་གྱི་རྩ་དོན་གསུམ་ལ་གཞིགས་ཡོད།

དེ་ཡང་གོམ་སྟབས་དང་པོ་ནི་ཉན་རྒྱུ་སྟེ།ཕ་མས་བུ་ཕྲུག་གི་སྐད་ཆ་ཆ་ཆང་ཤོད་དུ་འཇུག་པ་མ་ཟད།བུ་ཕྲུག་སྐད་ཆའི་ནང་དོན་དངོས་ཤེས་པ་བྱེད་དགོས་པ་དང་།

གོམ་སྟབས་གཉིས་པ་ནི་བསམ་གཞིག་བྱ་རྒྱུ་སྟེ།བུ་ཕྲུག་གི་ཕྱོགས་སུ་ལངས་ཏེ་དེས་བཤད་པའི་སྐད་ཆར་གནས་ལུགས་རྒྱུ་མཚན་ཡོད་མེད་བསམ་མནོ་གཏོང་བ།

གོམ་སྟབས་གསུམ་པ་ནི་བསམ་འཆར་འདོན་རྒྱུ་སྟེ།གནས་ལུགས་རྒྱུ་མཚན་ཡོད་པའི་བུ་ཕྲུག་གིས་ཡང་དག་པའི་བྱ་སྤྱོད་སྤེལ་ཡོད་མིན་ངེས་པ་མེད་པར་བརྟེན།ཕ་མས་བསམ་འཆར་དང་།གྲོས་འགོ་མང་ཙམ་འདོན་དགོས་པ་བཅས་རེད།

གོམ་སྟབས་དེ་གསུམ་ནང་ཉན་རྒྱུ་དེ་ཕ་མ་རྣམས་ཀྱིས་བྱེད་སྐྱོ་ཤོས་ཡིན་པ་རེད།

བུ་ཕྲུག་རྣམས་ཁོག་རྒྱ་ཆེན་པོ་ཆགས་པའི་ཐབས་ཤེས་ཡག་ཤོས་ནི་ཕ་མས་དཔེ་སྟོན་ཡག་པོ་ཞིག་བྱེད་དགོས་པ་ཕུད།བུ་ཕྲུག་གྲགས་ཅན་བརྩམས་ཆོས་དང་།རླབས་ཆེན་མི་སྣའི་རྣམ་ཐར་མང་ཙམ་བཀླགས་ཏེ་བུ་ཕྲུག་ཆུང་དུས་ནས་རླབས་ཆེན་མི་སྣའི་མིག་རྒྱང་ཐོག་ནས་སྤྱི་ཚོགས་དང་རང་ཉིད་བལྟ་རུ་འཇུག་རྒྱུ་དེ་རེད།

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)