དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དམངས་ཁྲོད་རྩོམ་རིག
ཁྱི་དང་འབྲེལ་བའི་གཏམ་དཔེ་གཅེས་བསྡུས།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-02-21 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 607

ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག གཏམ་ཕ་ཡིས་ཤོད་རྒྱུ་བུ་ཡིས་བཤད།

འུ་ཐུག་ཁྱི་རྒན་གྱང་ལ་མཆོངས།

མིས་མི་བཟའ་མནའ། ཁྱིས་མི་བཟའ་ལྕགས།

མི་ལྟོགས་པར་ཁྱི་སྐྱུག་པའི་རེ་བ།

མིའི་རྫི་ཁ་ན་ཡོད། ཁྱིའི་རྫི་སྣ་ན་ཡོད།

ཁྱི་ངན་པས་ལུང་པ་ཀུ་ཅོས་འགེངས། མི་ངན་པས་ཡུལ་སྡེ་ཕུང་ལ་སྦྱོར།

ཇོ་ལགས་སྐུ་ཐང་མཉེལ་རོགས། ཤ་ཁྱི་རྐང་པ་ན་རོགས།

ཁྱི་དང་ཉེ་ན་རྨ་དང་ཉེ།

དགྲ་ཞིག་མེད་ན་གྲོས་ཤིག་མེད། རྐུན་མ་མེད་ན་ཁྱི་སྒྲ་མེད།

ཤྭ་བ་འཛིན་རྒྱུ་མེད་པའི་ལུང་ཤུར་ཁྱི་སྒྲས་འགེངས།

རྨ་ལ་ཕན་ན་ཁྱི་ཚིལ་ཡིན་ཡང་བྱུགས།

ཁྱི་སྨྱོ་ཡང་བདག་པོ་ངོ་ཤེས།

ཁྱི་བརྒྱགས་ན་ནམ་མཁའི་སྐར་མར་རྨུགས།

ཁྱི་མི་ཟུག་ཀ་མེད་རྐུན་མས་སྒོ་བརྡུངས།

མི་ལ་ངོ་ཚ་མེད་ན་ཁྱི། ཁྱི་ལ་རྔ་མ་མེད་ན་འདྲེ།

ཤ་ཁུ་འབྲོག་པའི་ཁྱི་ལ་སྟེར། ཁྱི་རྒན་རྒྱགས་པ་དེ་ནས་བྱུང་།

དགོན་པའི་ཁྱི་ལ་བཞུས་ན། བླ་མའི་ཐུགས་ལ་ཕོག་ཡོང་།

ཁྱི་བདག་པོས་འགོག་པ། ལྕགས་སྐམ་པས་འཆུན་པ།

ཁྱི་ཕྲུ་གུ་གཉིས་ཀྱིས་ཉེ་ངོ་ཤེས། བྱ་རི་དྭགས་གཉིས་ཀྱིས་དགྲ་ངོ་ཤེས།

ཁྱི་རྒན་གས་ཁུག་ཚུད་ན། མཆེ་བ་མི་འདོན་ཀ་མེད།

ཁྱི་རྒན་རུས་བཟང་། མི་རྒན་མགོ་མཁྲེགས།

ཁྱི་གཞུ་གུ་བཟང་ཡང་རང་གི་སྣ།

ཁྱི་ཉལ་སར་མཇུག་མ་མ་ལུས་པ།

ཁྱི་ལྷ་ཁང་དུ་འཛུལ་བ་ཞལ་ཟས་ཀྱི་ལྟོགས་སླ།

ཁྱི་ལ་རྒྱུག་པའི་བཀྲ་ཤིས་ཤོད།

ཁྱི་ལ་སྤགས་ཀྱི་སྡིག་སྒྲ།

ཁྱི་དེད་ན་ལམ་ལ་མི་འགྲོ

ཁྱི་ཤི་ན་ཕོ་རོག་གི་གྲོག

ཁྱིས་ཕར་ཟུག་མེད་པར། གླ་ཕོས་ཚུར་ཟུག

ཁྱི་ཉམས་སྤྲང་པོས་ལོན་ན་རྒྱུག་པ་ཕྲེད་གཟེར། ཆུ་ཉམས་མཉན་པས་ལོན་ན་ཀོ་བ་འཕྲེད་གཅོད།

མིའི་ལུང་པར་ཁྱིའི་རྒྱུ་མ། མིའི་སྒོ་རར་རང་གི་ཁྱི།

ལྟོ་ཁྱིའི་ལྟོ་ལ། ལས་བོང་བུའི་ལས།

ཁྱི་ལ་སེང་གེའི་མིང་བཏགས།

སྐྱིད་པོ་ཁྱིའི་བཀའ་དྲིན།

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)