དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
རྒྱལ་ཐང་ཟླ་འོད་ཐང་ཆེན་ན་དམངས་ཁྲོད་བྲོ་གར་གྱི་ལྟད་མོ་འདི་འདྲ་ཡོད།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་དོན་དང་རིན་ཆེན། དུས་ཚོད། 2018-02-23 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 783

      ལོ་གསར་ཚེས་པ་གསུམ་ནས་ཚེས་པ་དྲུག་བར་ས་སྲོད་ཀྱི་ཉི་ཟེར་སྒྱུ་རྩལ་ཚོགས་པའི་ཚབ་བྱེད་རུ་ཁག་དང་རྡོ་མཁར་རྫོང་སྡོད་དམངས་ཀྱི་ཚབ་བྱེད་རུ་ཁག་གཉིས་ཀྱིས་ཟླ་འོད་ཐང་ཆེན་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་བྲོ་གར་འཁྲབ་ཅིང་།ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་མང་བོའི་ཡིད་དབང་འཕྲོག་ཅིང་སྤྲོ་སྐྱིད་ཀྱི་སྣང་བ་ཞིག་གིས་ཁེངས་པར་བྱས།

       འཁྲབ་སྟོན་གྱི་སྐབས་སུ་ས་སྲོད་ཀྱི་ཉི་ཟེར་སྒྱུ་རྩལ་ཚོགས་པའི་ཚབ་བྱེད་རུ་ཁག་དང་རྡོ་མཁར་རྫོང་སྡོད་དམངས་ཀྱི་ཚབ་བྱེད་རུ་ཁག་ཕྱོགས་གཉིས་ཀྱིས་རང་རང་གི་ཆེས་ཆ་རྒྱུས་དང་གདེང་ཚོད་ཡོད་པའི་གར་སྟངས་སྟབས་ལ་བསྒྱུར་བས་ཡུལ་དངོས་ཀྱི་འགྲན་བསྡུར་གྱི་སྣང་བ་ཅུང་ཛ་དྲག་ཡིན་པ་རེད།ཕྱོགས་གཉིས་ཀྱིས་སྔོན་ལ་སྤྱི་གླིང་བྲོ་རེ་ལྡིང་ཞིང་། འོན་ཀྱང་ཕྱོགས་གཉིས་ཀྱི་བྲོ་རྩལ་ལས་མཆོག་དམན་གྱི་དབྱེ་བ་འབྱེད་དཀའ་བ་རེད།ཅུང་ཙམ་འགོར་རྗེས་རྡོ་མཁར་རྗོང་སྡོད་དམངས་ཀྱི་ཚབ་བྱེད་རུ་ཁག་གིས་ཁོ་ཚོར་ཆེས་ཡིད་ཆེས་དང་གདེང་ཚོད་ཡོད་པའི་གླུ་ཤགས་ལེན་པའི་དམངས་ཁྲོད་སྐོར་བྲོ་ཞིག་བརྒྱབས་པས་ཡུལ་སྐོར་བ་དང་ལྟད་མོ་བ་མང་བོས་པར་དང་བརྙན་མང་བོ་བླངས་ཤིང་དགའ་བསུ་ཆེན་པོ་ཐོབ་པ་རེད།དེ་ཡང་ས་སྲོད་ཀྱི་ཉི་ཟེར་སྒྱུ་རྩལ་ཚོགས་པས་ཡང་འདི་ལྟར་ཕམ་ཁ་ཁུར་ན་མི་འདོད་པར་མཐར་ཀ་པེད་ཀྱི་བྲོ་གར་ལྡིང་ཞིང་དགའ་སྤྲོའི་གོམ་འགྲོས་ཀྱི་མྱུར་ཏུ་ཡུལ་སྐོར་བ་དང་ལྟད་མོ་བའི་མིག་དབང་འཕྲོག་པ་མ་ཟད།ད་རུང་མི་མང་བོ་ཁོ་ཚོའི་སྟར་འཕྲེང་ནང་ཞུགས་ནས་མཉམ་དུ་དགའ་སྤྲོའི་གར་གྱི་སྟངས་སྟབས་ལ་བསྒྱུར་བ་རེད།


       ཧུའུ་ནན་ཡོང་བའི་ཀྲང་སྐུ་ཞབས་ཀྱིས་ང་དེ་རིང་སེམས་ཀྱི་ཉི་ཟླར་ཐོན་པ་ཡིན།འོན་ཀྱང་གྲོང་ཁྱེར་ནང་གི་ཚོང་ཁང་དང་ཟ་ཁང་ཚང་མའི་སྒོ་བརྒྱབ་ཡོད་པས་ཧ་ཅང་ལྷིང་འཇགས་རེད།འདི་ན་འདི་འདྲའི་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་དམངས་བྲོ་གར་གྱི་འཁྲབ་སྟོན་ཡོད་པ་ངོ་མ་ཡིད་ལའང་མ་དྲན།ངའི་སེམས་ནས་དགའ་སྤྲོ་ཚད་མེད་སྐྱེས་ཡོད་ཞེས་བཤད།

       ཀོང་ཤིས་ནས་ཡོང་བའི་ཀྲོ་ཨ་ནེ་ཡིས་ལོ་གསར་གྱི་གོ་སྐབས་འདི་དང་བསྟུན་ནས་བཟའ་མི་ཡོངས་ཡུན་ནན་ལ་ལོ་སར་ཏུ་ཡོང་ཡིན་ལ།ཁུན་མིང་ནས་བཟུང་རྩེད་ནས་འདིར་ཐོན་པ་ཡིན།དྲང་མོ་བཤད་ན་སེམས་ཀྱི་ཉི་ཟླ་ས་གཞན་དང་བསྡུར་ན་གྲང་ངར་ཅུང་ཆེ་བ་རེད།འོན་ཀྱང་ས་འདིའི་མི་རྣམས་ལ་ཧ་ཅང་སྤྲོ་སེམས་ལྡན་པ་ཟད། དེ་རིང་ཡང་སྲོལ་རྒྱུན་གྱི་བྲོ་བ་མ་ཡལ་བའི་དམངས་ཁྲོད་ཀྱི་བྲོ་འདིའི་འདྲ་མང་བོ་ཞིག་ལ་རོལ་མྱོང་ཐུབ་པས་ངའི་སེམས་ནས་དགའ་སྤྲོ་ཚད་མེད་སྐྱེས་ཡོད་ཅེས་བཤད།

        རྒྱུས་ལོན་བྱུང་ལྟར་ན་ལོ་གསར་གྱི་ཉིན་འདི་དག་གི་རིང་ལ་ས་སྲོད་ཀྱི་ཉེ་ཟེར་སྒྱུ་རྩལ་ཚོགས་པ་དང་རྡོ་མཁར་རྫོང་སྡོད་དམངས་ཀྱི་ཚབ་བྱེད་རུ་ཁག་གཉིས་ཀྱིས་ཟླ་འོད་ཐང་ཆེན་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ཡོད་པའི་བྲོ་གར་འཁྲབ་ནས་རྒྱ་ཆེའི་ཡུལ་བ་རྣམས་ལ་བདེ་ཆེན་གྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་རོལ་མྱོང་ཐུབ་པ་བྱས་པ་མ་ཟད།ལོ་གསར་གྱི་རྟེན་འབྲེལ་དུ་ཕུལ་ནས་སེམས་ཀྱི་ཉི་ཟླ་ནས་ལོ་སར་བར་སྤྲོ་སྣང་གཞན་ཞིག་བསྐྱེད་དུ་བཅུག་པ་རེད།




རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )