དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཡང་ཐང་རྒྱ་གྲོང་ཡུལ་གྱི་ལོ་གསར་མཉམ་སྤྲོའི་བྱེད་སྒོ།
རྩོམ་པ་པོ། གཡང་མཚོ། དུས་ཚོད། 2018-02-25 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1115

      ལོ་གསར་ཚེས་3ཉིན་ནས་ཚེས་9ཉིན་བར།བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་སྡེའི་རྒྱ་གྲོང་ཡུལ་མི་ཚོ་ཆུང་གིས་ལོ་གསར་གྱི་མཉམ་སྤྲོའི་བྱེད་སྒོ་བསྡུས་པ།

སྐོར་བྲོ་འཁྲབ་བཞིན་པ།

བག་སྟོན།

གར་ཆུང་།

      དུས་ཡུན་ཉིན་7རིང་།རྒྱ་གྲོང་ཡུལ་མི་ཚོ་ཆུང་གིས་ལྟད་མོ་ཆེ་བའི་ལོ་གསར་གྱི་འཁྲབ་ཚན་བསྟན་པ།བྱེད་སྒོའི་ཐོག་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཡང་བྱས་ཡོད། རྒྱ་གྲོང་ཡུལ་ལ་དུད་ཚང་36ཡོད་ཅིང་ཚོ་ཆུང་7རུ་བགོས་ཡོད། སློབ་གྲྭ་འདོན་བཞིན་ཡོད་པའི་སློབ་མ་ཚོས་ཚོ་ཆུང་ཞིག་སྒྲིག་འཛུགས་བྱས་ནས་འགྲན་བསྡུར་བྱེད་པ།ལོ་55ཡན་ཟིན་པའི་མི་རྒན་གྱིས་ཚོ་ཆུང་འགའ་བསྒྲིགས་ནས་འགྲན་བསྡུར་བྱས་ཡོད་པ་རེད།དེ་ལས་གཞན་རྒྱ་གྲོང་ཡུལ་གྱི་མང་ཚོགས་ཡོངས་ཀྱིས་བཀྲ་ཤིས་པའི་ལོ་གསར་ཞིག་གཏོང་ཆེད།མི་རྒན་གཞོན་རྣམས་ཞུགས་ནས་ཞབས་བྲོ་འཁྲབ་ཚན་བསྟན་པ།མི་རྒན་དང་བྱིས་པ་སོགས་ཚོ་ཆུང་ཁག་འགའ་བགོས་ནས་ཡང་ཐང་སྐོར་བྲོ་དང་།ཡང་ཐང་གི་བག་སྟོན།དེང་སྐབས་ཀྱི་ཞབས་བྲོ། འཁྲབ་ཚན་ཆུང་བ།ད་དུང་དུད་རེའི་གླུ་རེ་ལེན་པ་སོགས་ཀྱི་འཁྲབ་ཚན་བསྟན་ནས།ལོ་གསར་གྱི་རྣམ་པ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཡོད།

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)