དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
ཀྲུང་གོའི་གློག་བརྙན《དབང་གྲགས་ཀྱི་ཆུ་ལྷམ》པེར་ལིན་གྱི་གློག་བརྙན་དུས་ཆེན་ལ་བསྟན་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-02-25 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 4826

    བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཀྲུང་གོའི་གློག་བརྙན《དབང་གྲགས་ཀྱི་ཆུ་ལྷམ》ཉིན་ཤས་གོང་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་68པར་ཐེངས་དང་པོ་བསྟན་པ་དང་སྦྲགས་ཐེངས་འདིའི་གློག་བརྙན་དུས་ཆེན་གྱི“གསར་དར་དུས་རབས”འགྲན་བསྡུར་གྱི་ཕྱོགས་རྐྱང་པའི“ཆུ་ཤེལ་དོམ་གྱི་བྱ་དགའི”གློག་བརྙན་རྩེ་གྲའི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།

    གློག་བརྙན་འདི་ནི་མིང་གཅིག་པའི་བརྩམས་སྒྲུང་ལ་བཟོ་བཅོས་བརྒྱབ་པ་ཞིག་ཡིན་ལ་བོད་རིགས་ན་གཞོན་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་བརྩམས་ཆོས་ཐོག་མ་ཞིག་ཀྱང་རེད།འདིའི་ནང་བོད་རིགས་ས་ཁུལ་གྱི་ཞིང་པའི་ཁྱིམ་གྱི་ལོ་ཆུང་དབང་གྲགས་ཀྱིས་རྨི་ལམ་དུའང་ཆུ་ལྷམ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་གཏམ་རྒྱུད་འཁོད་ཡོད།

    ལྷ་དཔལ་རྒྱལ་གྱིས་གློག་བརྙན་འདིའི་བརྗོད་དོན་གཙོ་བོ་ནི་ཕུགས་བསམ་སྐོར་ཡིན་ཞིང་།རང་ཉིད་ཀྱིས་དང་ཐོག་མ་རྩོམ་ཀློག་སྐབས་མི་སྣ་གཙོ་བོ་ཕྲུ་གུ་ཆུང་ཆུང་དེའི་ལྷད་མེད་པའི་ནང་སེམས་ཀྱི་འཇིག་རྟེན་གྱིས་རང་ཉིད་ལ་སེམས་འགུལ་ཐེབས་ནས་སླད་ཕྱིན་གློག་བརྙན་གྱི་རྣམ་པ་ནས་བརྩམས་ཆོས་དེས་ཆུང་བྱིས་པའི་དུས་ཀྱི་ཕུགས་བསམ་འཆང་མྱོང་བའི་ལྟད་མོ་བ་ཚང་མར་ངོས་འཛིན་གཅིག་མཐུན་ཡོང་རྒྱུའི་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད་ཅིང་།ཁོང་གིས་འབྱུང་འགྱུར་གློག་བརྙན་དེ་འགོ་འཛུགས་སར་བྱས་ཏེ་བོད་རིགས་ས་ཁུལ་གྱི་གཏམ་རྒྱུད་བརྗོད་པའི་བརྩམས་ཆོས་དེ་བས་མང་བ་པར་ལེན་བྱེད་ཀྱི་ཡིན་ཞེས་བཤད།

    པེར་ལིན་གྱི་གློག་བརྙན་དུས་ཆེན་གྱི“གསར་དར་དུས་རབས”ཀྱི་ཕྱོགས་རྐྱང་པའི་གློག་བརྙན་འདིའི་ཁ་ཕྱོགས་གཙོ་བོའི་ལྟད་མོ་བ་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་ཕྱོགས་ཡོད།གློག་བརྙན་ཐོག་མར་སྟོན་པའི་མཛད་སྒོའི་ཐོག་ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་མང་པོ་ཞིག་སློབ་གྲྭའི་སྒྲིག་འཛུགས་འོག་མཉམ་དུ་གློག་བརྙན་ལྟ་བར་སླེབས་ཡོད།

    འཁྲབ་སྟོན་པ་གཙོ་བོ་དབང་གྲགས་ནི་ལོ་9ལ་སོན་པའི་བོད་རིགས་འཁྲབ་སྟོན་པ་ཆུང་ཆུང་འབྲུག་ལྷ་རྡོ་རྗེ་ཡིན་པ་དང་དེའི་གཡོ་ལྷད་མེད་པའི་འཁྲབ་སྟོན་ལ་ལྟད་མོ་བའི་བསྔགས་བརྗོད་ཐོབ་ཡོད།ལོ་13ལ་སོན་པའི་པེར་ལིན་གྱི་སློབ་འབྲིང་སློབ་མ་སའེ་ཏེས་གསར་འགོད་པར“དབང་གྲགས་ཀྱི་ལུས་ནས་ངས་བོད་རིགས་ཕྲུ་གུ་ཚོ་འཚོ་བ་ཇི་འདྲ་སྐྱེལ་གྱི་ཡོད་པ་ཤེས་བྱུང་།དབང་གྲགས་ཀྱིས་སྐོམ་པ་ཆུ་འདོད་ལྟར་ཆུ་ལྷམ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་བསམ་བློ་ལས།རང་ཉིད་ལའང་དེ་དང་འདྲ་བའི་ཉམས་མྱོང་ཡོད་པ་ཡིད་ལ་ལྷང་ལྷང་དུ་དྲན་བྱུང་བས་དོན་དངོས་ཐོག་ང་ཚོ་ཚང་མ་ཧ་ཅང་འདྲ་པོ་འདུག”ཅེས་བཤད་བྱུང་།

 

རྩོམ་སྒྲིག་པ། (པདྨ་མཚོ། )