དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚེས་26ཉིན་ཚོགས་འགོ་ཚུགས་རྒྱུ་རེད།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-02-26 རྩོམ་ཁུངས། གངས་ལྗོངས་ཉི་གཞོན། ཀློག་གྲངས། 3600

    ཟླ་2པའི་ཚེས་24་ཉིན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ད་ལོའི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་པེ་ཅིན་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུ་རྒྱུ་ཐག་བཅད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་མཛད།
    ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ཕུལ་བའི་བྱ་བའི་སྙན་ཞུར་གྲོས་བསྡུས་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གུང་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་ཆོད་དོན་མ་ཡིག་ལ་ཏང་ཕྱི་ནང་གི་ཁྱབ་ཁོངས་སུ་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་ཇུས་གཞིའི་མ་ཡིག་ལ་གྲོས་བསྡུར་བྱས། ཐེངས་འདིའི་གྲོས་ཚོགས་ནས་གྲོས་བསྡུར་བྱས་པའི་བསམ་འཆར་ལ་བཟོ་བཅོས་བྱས་རྗེས་ཀྱི་ཡིག་ཆའི་མ་ཡིག་དེ་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་སྤྲད་ནས་གྲོས་ཞིབ་བྱ་རྒྱུ་ཐག་བཅད། 
    ཚོགས་ཐོག་ནས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་མཚམས་སྦྱོར་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་པའི་གྲོས་གཞིའི་འདེམ་མི་དང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་མཚམས་སྦྱོར་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་པའི་གྲོས་གཞིའི་འདེམ་མི་ལ་གྲོས་བསྡུར་བྱས། 

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)