དབུ་ཤོག >> མི་རིགས་ཆོས་ལུགས། >> ཆོས་ལུགས་སྲིད་ཇུས།
ཁྲིམས་ལྟར་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་དགོས།
རྩོམ་པ་པོ། མི་གལས། དུས་ཚོད། 2018-02-26 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 289

    ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཛད་ཇུས་ཀྱི་དགོས་ངེས་བླང་བྱ་དང་།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་ཆ་གལ་ཆེན།དེ་བཞིན་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཁྱོན་ཡོངས་དང་ཡང་དག་པའི་ངང་ལག་བསྟར་གྱིས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པའི་འགན་ལེན་གལ་ཆེན་བཅས་ཡིན་པ་རེད།

    ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་མཐའ་འཁྱོངས་བྱེད་པ་ནི་ཆོས་ལུགས་ལས་དོན་ཡག་པོར་བསྒྲུབ་རྒྱུའི་གཞི་རྩའི་ཚད་གཞི་ཡིན།ང་ཚོས་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་དང་།ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན།བྱེད་ཐབས་ཐད་ཀྱི་བསླུ་བྲིད་རང་བཞིན་བཅས་ལ་མུ་མཐུད་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཏེ“མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་།ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི”བསམ་བློ་བརྟན་པོར་བཙུགས་ནས།ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དང་མཐའ་གཅིག་ཏུ་འཐབ་རྩོད་བྱས་ཏེ།ཆོས་ལུགས་ལས་དོན་གྱི་དོ་དམ་ཁྲིམས་ལུགས་ཅན་དང་ཚན་རིག་ཅན་དུ་འགྱུར་རྒྱུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།དགོན་སྡེ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་གསར་གཏོད་ཀྱིས་ཁྲིམས་ལྟར་དོ་དམ་དང་།དམངས་གཙོའི་དོ་དམ།སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཟུང་འབྲེལ་མཐའ་འཁྱོངས་དང་།དོ་དམ་དང་ཞབས་ཞུ་དེ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཞབས་ཞུའི་ཁྲོད་དོ་དམ་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆོས་ལུགས་ལས་རིགས་ཀྱིས་འདུལ་ཁྲིམས་བསྟན་དོན་ནང་གི་སྤྱི་ཚོགས་ཞི་མཐུན་དང་།དུས་རབས་ཡར་རྒྱས།སྐྱོན་བྲལ་ཤེས་དཔལ་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་།འདུལ་ཁྲིམས་བསྟན་དོན་ཐད་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་རྒྱས་ཀྱི་བླང་བྱ་དང་འཚམ་ལ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དང་འཚམ་པའི་འགྲེལ་བཤད་རྒྱག་དགོས།ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འགྱུར་བ་དང་སློབ་གསོ་ཡག་པོས་ཡོངས་སུ་ཁྱབ་པའི་བྱེད་ཐབས་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་ཡར་རྒྱས་བརྩོན་ལེན་དང་ཚན་རིག་གོང་དུ་བཀུར་རྒྱུར་ཁྲིད་སྟོན་བྱེད་པ་དང་།ཤེས་དཔལ་ཡར་རྒྱས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་གྱིས་བསམ་འདུན་དང་སྟོབས་ཤུགས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་དམིགས་ཚད་ཐོག་གོང་བུར་བསྒྲིལ་དགོས།

 

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)