དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
སྐབས་གསུམ་པའི་རྒྱལ་ཡོངས་ཀུ་ཀུ་ཤ་མོའི་ཚོགས་ཆེན་བདེ་ཆེན་དུ་འཚོགས་རྒྱུ།
རྩོམ་པ་པོ། སྒྲོལ་མ་གཡང་མཚོ། དུས་ཚོད། 2018-03-05 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 2956

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཀྲུང་གོའི་ཤ་མོའི་རིགས་ཀྱི་མཐུན་ཚོགས་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱེད་པའི་སྐབས་གསུམ་པའི་རྒྱལ་ཡོངས་ཀུ་ཀུ་ཤ་མོའི་ཚོགས་ཆེན་ཟླ་3པའི་ཚེས་9ཉིན་བདེ་ཆེན་ཁུལ་དུ་འཚོགས་རྒྱུ་རེད།

      ཚོགས་ཆེན་དེའི་འཚོགས་ཡུན་ནི་ཟླ་3པའི་ཚེས་5ཉིན་ནས་ཚེས་11བར་ཡིན།དེའི་སྐབས་སུ་བདེ་ཆེན་སེམས་ཀྱི་ཉི་ཟླའི་བཟའ་ཆས་ཤ་མོའི་ལས་རིགས་ཐོན་ལས་མཐུན་ཚོགས་འཛུགས་པའི་གྲོས་ཚོགས་དང་ཀུ་ཀུ་ཤ་མོའི་སྐྱེ་དངོས་རིག་པ་དང་འདེབས་འཛུགས་ལག་རྩལ་ཀློག་པ་པོའི་སྤེལ་རེས་ཚོགས་འདུ།རྒྱལ་ཡོངས་ཀུ་ཀུ་ཤ་མོའི་འདེབས་འཛུགས་ལག་རྩལ་གྱི་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མའི་2018ལོའི་བགྲོ་གླིང་ཚོགས་འདུ།ཀུ་ཀུ་ཤ་མོའི་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེབས།ཀུ་ཀུ་ཤ་མོའི་འདེབས་འཛུགས་ལག་རྩལ་གྱི་བགྲོ་གླེང་ཚོགས་འདུ།ཀུ་ཀུ་ཤ་མོའི་རིགས་ཀྱི་རྟགས་ཅན་འཐབ་ཇུས་དང་ཚོང་རའི་རྒོལ་ཐབས་བགྲོ་གླེང་སོགས་འཚོགས་རྒྱུ་ལས་གཞན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བེ་ཤའི་ལྡུམ་ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲན་ཅང་ཤང་ཀུ་ཀུ་ཤ་མོའི་འདེབས་འཛུགས་གནས་གཞིར་ལྟ་སྐོར་བྱེད་རྒྱུ།

      ཀུ་ཀུ་ཤ་མོ་ནི་རྩ་ཆེའི་བཟའ་ཆས་ཤ་མོའི་རིགས་ཤིག་ཡིན།སྤྲི་དཀར་དང་འཚོ་རྒྱུ་སོགས་བཅུད་སྣ་འཛོམས་ཏེ།ལུས་པོའི་རིམས་འགོག་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་ངལ་དུབ་འགོག་པ།ནད་དུག་འགོག་པ་སོགས་ཀྱི་ནུས་པ་ཡོད་པ་རེད།