དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ལོ་གསར་དུ་བདེ་ཆེན་གྱི་ཤང་གྲོང་ཁག་གིས་བྱེད་སྒོ་སྣ་མང་བསྡུས།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-03-05 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 3487

     དཔྱིད་གསར་དུས་ཆེན་གྱི་སྐབས།བདེ་ཆེན་ཁུལ་གྱི་ཤང་གྲོང་སོ་སོས་རང་ཡུལ་གྱི་དོན་དངོས་ལ་བརྟེན་ནས། སྲོལ་རྒྱུན་གྱི་དམངས་ཁྲོད་རིག་གནས་དར་སྤེལ་གཏོང་བའི་བྱེད་སྒོ་དང་དཔེ་ཀློག་བྱེད་སྒོ།ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱེད་སྒོ་སོགས་ལྟད་མོ་ཆེ་བའི་བྱེད་སྒོ་སྣ་མང་བསྡུས་ཏེ།བཀྲ་ཤིས་པའི་ལོ་གསར་ཞིག་གཏོང་བ་རེད།

     ཟླ་2པའི་ཚེས་15ཉིན་ནས་ཚེས་20ཉིན་བར། ཁུལ་རིག་གནས་ཁང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཟླ་འོད་ཐང་ཆེན་དང་ཉི་མ་དམར་པོའི་ཐང་ཆེན།བདེ་ཆེན་དཔལ་འབྱོར་གསར་སྤེལ་ཆུས།ཉི་ཤར་ཐང་སྟོད་གྲོང་སྡེ།ཉི་ཤར་ཐང་སྨད་གྲོང་སྡེ།འབའ་ལུང་རྫོང་ཕང་ཐན་སྒང་མེ་ལེ་གྲོང་སྡེ།མཐའ་ཆུ་གྲོང་རྡལ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲན་ཅང་ཤང་ཀོ་ལན་གྲོང་སྡེ།ལུའུ་ཅི་ཤང་མྱི་ཟུར་གྲོང་སྡེ་སོགས་ཀྱི་ས་གནས་སུ་དཔྱིད་གསར་དུས་ཆེན་སྐབས་ཀྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་བསྡུས་ནས།སྔར་ལས་ལྷག་པར་གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གྱུར་བ་དང་མང་ཚོགས་རྣམས་ཀྱི་ཤིན་ཏུ་དགའ་བསུ་ཐོབ་པ་རེད།

     ཟླ་2པའི་ཚེས་17ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཤིན་ཧྭ་དཔེ་ཁང་གིས་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་2018ལོའི་དཔེ་ཆ་བའི་ཡུན་ནན་དང་དམངས་ལ་ཕན་པའི་དཔེ་གྲོང་ཞེས་པའི་བྱེད་སྒོ་བསྡུས་ནས། དཔེ་ཆ་འགའ་ཤས་རིན་མི་དགོས་པར་སྤྲོད་པ་དང་མང་ཆེ་བའི་དཔེ་ཆ་རིན་ཆག་ནས་བཙོངས་བ། དེ་ཐོག་གི་དཔེ་ཆ་སྣ་གཅིག་ནི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་རྒྱལ་ཁབ་སྲིད་ཇུས་སྐོར་གྱི་དཔེ་ཆ་ཡིན་པ་དང་སྣ་རིགས་གཞན་ཞིག་ནི་སྲོལ་རྒྱུན་རིག་གནས་སྐོར་གྱི་དཔེ་ཆ་ཡིན་པ་རེད།

     ཟླ་2པའི་ཚེས་21ཉིན།འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཐ་ས་ཡུལ་མི་ཚོ་ཆུང་གིས་སྐབས་དྲུག་པའི་ཕ་མར་བསྙེན་བཀུར་བྱེད་པའི་བྱེད་སྒོ་བསྡུས་པ།ཡུལ་མིས་ཆང་གཞས་ལེན་པ་དང་ཞབས་བྲོ་འཁྲབ་ནས་རྒན་པོ་རྣམས་ལ་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་ཞུས་བ་རེད།

     ཟླ་2པའི་ཚེས་23ཉིན། ཁུལ་དངོས་མིན་རིག་གནས་ཤུལ་བཞག་དང་ཀོང་རྩེད་ར་གྲོང་རྡལ་གྱིས་མཉམ་དུ་བསྡུས་པའི་འཇོལ་རྫོང་འབྲི་ཆུའི་རྒྱུད་ཀྱི་དམངས་ཁྲོད་ཀྱི་གླུ་གར་རིག་གནས་འགྲེམ་སྟོན་དེ་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་དུ་འགོ་ཚུགས་པ།ཀོང་རྩེད་ར་གྲོང་རྡལ་གྱི་ཡུལ་མི་ཚོ་ཆུང་13གྱི་འཐུས་ཚབ་རུ་ཁག་གཟབ་མཆོར་སྤྲས་ནས་ཞུགས་པ་དང་རང་ཡུལ་སྲོལ་རྒྱུན་གྱི་དམངས་ཁྲོད་རིག་གནས་འགྲེམ་སྟོན་བྱས་ནས།ས་གནས་ཀྱི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་བ་རེད།

     ཟླ་2པའི་ཚེས་24ཉིན། དུས་ཡུན་ཉིན་7རིང་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་སྡེས་སྐབས་གསུམ་པའི་མི་རིགས་ཀྱི་དམངས་ཁྲོད་དངོས་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་རིག་རྩལ་མཉམ་འཁྲབ་དང་གྲོང་བརྒྱ་ཐེངས་སྟོང་གི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བསྡུས་ནས།གླུ་གཞས་དང་ཞབས་བྲོ།ལན་ཆིའུ་སྤོ་ལོའི་འགྲན་བསྡུར་སོགས་ལྟད་མོ་ཆེ་བའི་འཁྲབ་ཚན་སྣ་མང་བྱས་པ་མ་ཟད། 2017ལོ་འཁོར་གྱི་ཕུལ་བྱུང་གི་ཡུལ་མི་ཚོ་ཆུང་དང་ཕུལ་བྱུང་གི་ཚོ་ཆང་གི་འགོ་འཛིན། ཕུལ་བྱུང་གི་བུད་མེད་ཚོ་ཆུང་གི་འགོ་འཛིན། སྔོན་ཐོན་ཚོགས་ཁག་དང་སྔོན་ཐོན་མི་སྒེར་བཅས་ལ་བྱ་དགའ་གནང་བ་རེད།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)