དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཡུན་ནན་ཞིང་ཆེན་གྱི་འཐུས་མི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དུ་ཞུགས།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-03-07 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1125

     དཔྱིད་ཟླ་གསུམ་པར་པེ་ཅིང་དུ་དཔྱིད་དཔལ་རབ་ཏུ་བཞད་པ་དང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག

     ཟླ་3པའི་ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་པ།


   སྔ་དྲོའི་ཆུ་ཚོད་8པར།ཡུན་ནན་ཞིང་ཆེན་གྱི་འཐུས་མི་90ཡིས་ཡིད་ཆེས་དང་རེ་བ་ཆེན་པོས་ཁེངས་ཤིང་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་སྐབས་གསར་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷན་འཛོམས་བྱུང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ།

     སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཐོག་བསྟན་པའི་འདས་པའི་ལོ་ལྔའི་ལས་དོན་དང་ད་ལོའི་ལས་ཀར་བཀོད་པའི་འཆར་གཞིས་འཐུས་མི་རྣམས་ཀྱི་སེམས་ལ་སྐུལ་མ་གཏོང་བ་དང་ཁོ་ཚོས་དེ་བས་ལེགས་པས་ལས་ཀ་སྒྲུབ་པར་སྐུལ་མ་གཏོང་ཡོད།

     སྙན་སྒྲོན་ཐོག་བཏོན་པའི་བདེ་ཐང་གི་ཀྲུང་གོའི་ཐབས་ཇུས་ཀྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་འཐུས་མི་ཧུའུ་ཨ་ལུའོ་ལ་སྐུལ་མ་གཏོང་ཡོད་དེ།མོས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་གྱི་ཆུ་ཚད་མཐོ་རུ་གཏོང་བ།མ་བུ་བདེ་འཕྲོད་ཀྱི་ཞབས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་སོགས་ཀྱིས་གཞི་རིམ་སྨན་བཅོས་འགན་བཅོལ་ལས་དོན་གྱི་བསྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེ་བས་ལེགས་པའི་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་ཐུབ་རྒྱུ་རེད་ཅེས་བཤད་པ།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)