དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་ནས་ཡོང་བའི་ན་གཞོན་འཐུས་མི།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-03-07 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1143


     1991ལོར་སྐྱེས་པའི་ལི་ཅིན་ལན་ནི་སྐབས་གསར་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན།


     ལི་ཅིན་ལན་ནི་བདེ་ཆེན་ཁུལ་འབའ་ལུང་རྫོང་ཕན་ཐན་སྒང་ཤང་ཤིན་ལེ་གྲོང་སྡེ་ནས་ཡོང་བ་རེད།མོས་ཐེངས་འདིར་པེ་ཅིང་དུ་རྒྱལ་ཡོངས་ཚོགས་ཆེན་གཉིས་སུ་ཞུགས་པ་ལ་ཡུལ་མིའི་ཡིད་སྨོན་བྱེད་ཡོད་པ་དང་རང་གི་སེམས་ནང་ཡང་ཧ་ཅང་དགའ་པོ་བྱུང་ཡོད་ཅེས་བཤད་བྱུང་།


     ལི་ཅིན་ལན་གྱིས་ལོ་འགའི་རིང་ཕ་ཡུལ་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ།སྔོན་མར་ཕ་ཡུལ་གྱི་ཁང་བ་ཚང་མ་ནི་ཤིང་ཁང་ཡིན་ཞིང་།ད་ལྟར་མང་ཆེ་བས་སོ་ཕག་གི་ཁང་བར་སྤོས་ཡོད།འགྲོ་ལམ་ནི་ཨར་འདམ་ལམ་འདིང་ཡོད།ད་ལྟར་ཡུལ་མི་རྣམས་ཀྱིས་སྨན་རྫས་བཙུགས་ཡོད་མོད།འོད་ཀྱང་ཕྱིར་འཚོང་ཐད་དཀའ་ངལ་བྱུང་ཡོད།ད་ཕྱིན་དུ་སྲིད་གཞུང་གིས་ཕྱོགས་འདིར་རོགས་སྐྱོར་བྱེད་རོགས་ཞེས་པའི་རེ་བ་བཏོན།

     


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)