དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
2018ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ་དངོས་ཕན་ཤོག་ཆག་འདི་དག་གནང་ཡོད་ པས། ཁྱེད་ལ་ག་ཚོད་ཐོབ་ཡོད་དམ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-03-07 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 3886

      སྒྲིག་པ་པོའི་གཏམ། 2018ལོའི་ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཅིང་མི་དམངས་ཚོགས་ཁང་ཆེ་མོ་ནས་འཚོག་འགོ་ཚུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དངོས་ཕན་ཤོག་ཆག་མང་པོ་གནང་ཡོད་པས། ཁྱེད་རང་ལ་ག་ཚོད་ཐོབ་ཡོད་པར་གཟིགས་རོགས་གནང་།
       ༡  སྒེར་གྱི་ཐོབ་ཁྲལ་བསྡུ་བའི་འཛུགས་གཞི་མཐོ་རུ་གཏོང་རྒྱུ།
       སྒེར་གྱི་ཐོབ་ཁྲལ་བསྡུ་བའི་འཛུགས་གཞི་མཐོ་རུ་གཏོང་རྒྱུ་དང་། བུ་ཕྲུག་གི་སློབ་གསོ་དང་ནད་ཆེན་སྨན་བཅོས་སོགས་ཀྱི་ཆེད་དམིགས་འགྲོ་གྲོན་གྱི་འཐེན་ཆ་མང་དུ་གཏོང་རྒྱུ།
       ༢  དྲ་འཇུག་རིན་པ་ཆག་པར་གཏོང་རྒྱུ།
      སྦྲེལ་བཀོལ་སྤྱོད་བྱེད་རིན་གཅོག་རྒྱུ། དྲ་སྦྲེལ"འཁྱམས་མྱུལ"བྱེད་ཚད་ཀྱི་འགྲོ་གྲོན་མེད་པར་བཟོ་རྒྱུ། སྤོ་སྒུལ་དྲ་སྦྲེལ་བྱེད་ཚད་གྱི་འགྲོ་གྲོན་ལོ་འཁོར་འདིའི་ནང་ཉུང་མཐར་ཡང་30%ཆག་པར་གཏོང་རྒྱུ།
      ༣  སྒོ་འཛིན་རིན་གོང་དམའ་རུ་གཏོང་རྒྱུ།
      རྒྱལ་ཁབ་ལ་དབང་བའི་གཙོ་གནད་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་དམའ་རུ་གཏོང་རྒྱུ།
      ༤  འཁོར་རིགས་ཉོ་སྒྲུབ་དཔྱ་ཁྲལ་གྱི་གཟིགས་སྐྱོང་ནར་འགྱངས་བྱེད་རྒྱུ།
       ནུས་ཁུངས་གསར་པའི་རླངས་འཁོར་དང་འཁོར་རིགས་ཉོ་སྒྲུབ་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་སླར་ཡང་ལོ་གསུམ་ནར་འགྱངས་བྱེད་རྒྱུ་དང་། ལག་བརྒྱུད་རླངས་འཁོར་གནས་སྤོ་མི་ཆོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུ།
      ༥  ནང་འདྲེན་སྒོ་ཁྲལ་གཅོག་རྒྱུ།
      རླངས་འཁོར་དང་ཉིན་རེའི་འཛད་རྫས་ཁག་གཅིག་སོགས་པའི་ནང་འདྲེན་སྒོ་ཁྲལ་གཅོག་རྒྱུ།
      ༦  ཁེ་ལས་ཀྱི་དཔྱ་ཁྲལ་འཁུར་པོ་ཇེ་ཡང་དུ་གཏོང་རྒྱུ།
      (༡) ལོ་ཧྲིལ་པོར་ཁེ་ལས་དང་སྒེར་པར་ཡང་བསྐྱར་དཔྱ་ཁྲལ་སྒོར་དུང་ཕྱུར་8000ཉུང་གཏོང་བྱ་རྒྱུ། (༢) བཟོ་སྐྲུན་ལས་རིགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལ་སོགས་པའི་ལས་རིགས་ཀྱི་ཁྲལ་ཚད་གཙོ་གནད་དུ་གཅོག་རྒྱུ་དང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་ལོ་རེའི་ཕྱིར་འཚོང་གྲངས་འབོར་ཚད་གཞི་ཇེ་མཐོར་གཏོང་རྒྱུ།
      ༧  ཁེ་ལས་ཀྱི་དཔྱ་ཁྲལ་མིན་པའི་འཁུར་པོ་ཇེ་ཡང་དུ་གཏོང་རྒྱུ།
      (༡) ལོ་ཧྲིལ་པོར་ཚོང་རའི་བྱེད་པོར་དཔྱ་ཁྲལ་མིན་པའི་འཁུར་པོ་སྒོར་དུང་ཕྱུར་3000ལྷག་ཙམ་ཇེ་ཡང་དུ་གཏོང་རྒྱུ། (༢) སྲིད་གཞུང་གི་རང་བཞིན་ལྡན་པའི་ཐེབས་རྩ་བསྡུ་བའི་ཚད་གཞི་ཁག་གཅིག་གཅོག་རྒྱུ། (༣) ཁེ་ལས་ཀྱི"འགན་བཅོལ་ལྔ་དང་གསོག་དངུལ་གཅིག"གི་དངུལ་སྤྲོད་བསྡུར་ཚད་དུས་རིམ་རང་བཞིན་ལྟར་མུ་མཐུད་གཅོག་རྒྱུ། (༤) བཟོ་ཚོང་ལས་རིགས་སྤྱིར་བཏང་པའི་གློག་རིན་ཆ་སྙོམས་10%གཅོག་རྒྱུ། (༥) ལམ་རིན་དང་ཟམ་རིན་གཅོག་རྒྱུ།
      ༨  ལས་དོན་བསྒྲུབ་པ་སྔར་ལས་སྟབས་བདེ་གཏོང་བ།
      (༡) "དྲ་སྦྲེལ་+སྲིད་དོན་ཞབས་ཞུ"སྐུལ་སྤེལ་གཏིང་ཟབ་བྱས་ནས། དོན་དག་སྔར་ལས་མང་པོ་ཞིག་དྲ་སྦྲེལ་ཐོག་ཏུ་སྒྲུབ་ཐུབ་པར་བྱས་ཏེ། ངེས་པར་དུ་ཡུལ་དངོས་སུ་བསྐྱོད་ནས་སྒྲུབ་དགོས་རིགས་ཀྱང"སྒོ་གཅིག་རང་ལས་འཛུལ་མི་དགོས་པ"དང་། "མང་ནའང་ཐེངས་མ་གཅིག་ལས་སྐྱོད་མི་དགོས་པའི"བརྩོན་ལེན་ཐུབ་པར་བྱེད་རྒྱུ། (༢) མང་ཚོགས་དང་ཁེ་ལས་ཀྱི་ལས་གཉེར་དཔང་ཡིག་སྣ་ཚོགས་གཙང་བཤེར་བྱས་ཏེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་རིགས་ཐམས་ཅད་མེད་པར་བཟོ་རྒྱུ།
      ༩  ཕྲ་རྡུལ་(PM2.5)ཆག་པར་བྱེད་རྒྱུ།
     གཙོ་གནད་ས་ཁུལ་གྱི་ཕྲ་རྡུལ་(PM2.5)གར་ཚད་མུ་མཐུད་30%ཡན་ཆག་པར་བྱེད་རྒྱུ།
      ༡༠  གནད་འཕིགས་དབུལ་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
      (༡) ད་ལོ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་སླར་ཉུང་དུ་བཏང་སྟེ་མི་གྲངས་ཁྲི་280ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཐུབ་པར་བྱེད་རྒྱུ། (༢) ས་ཞིང་འགན་གཙང་ལེན་རེས་གཉིས་པའི་དུས་ཡུན་ཐིམས་རྗེས་སླར་ཡང་ལོ་30ནར་འགྱངས་ཀྱི་སྲིད་ཇུས་གཏན་འབེབས་བྱེད་རྒྱུ། (༣) ས་ཁང་གི་བདག་དབང་དང་། ཐོབ་ཐང་གི་དབང་ཆ། བཀོལ་སྤྱོད་བྱེད་དབང་བཅས་ཆ་བགོས་སྒྱུར་བཅོས་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ།
       ༡༡  ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་རྩིས་རྒྱག་ཁྱབ་ཁོངས་ཆེ་རུ་གཏོང་བ།
      ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱེད་སྐབས་ཐད་ཀར་དུས་རྩིས་རྒྱག་པའི་ཁྱབ་ཁོངས་ཆེ་རུ་བཏང་སྟེ་གཞི་རིམ་སྨན་ཁང་དང་། ཕྱིར་སྐྱོད་ཞིང་པ་ལས་མི། ཕྱི་ནས་ཡོང་བའི་ལས་ཞུགས་དང་ལས་གཏོད་མི་སྣ་སོགས་ཚང་མ་དེའི་ཁོངས་སུ་འཇུག་རྒྱུ།
      ༡༡  སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་རོགས་དངུལ་མཐོ་རུ་གཏོང་བ།
གྲོང་མིའི་མ་མཐའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་རོགས་དངུལ་ཚད་གཞི་ཡང་བསྐྱར་མི་རེར་ཆ་སྙོམས་སྒོར་40རེ་མང་དུ་གཏོང་རྒྱུ་ཡིན་ཞིང་། དེའི་ཕྱེད་ཀ་ནད་ཆེན་འགན་བཅོལ་བྱེད་བྱར་སྤྱོད་རྒྱུ།
      ༡༣  རྒན་གསོའི་འཚོ་དངུལ་མཐོ་རུ་གཏོང་རྒྱུ།
      ལས་འཁྱུར་མི་སྣའི་མ་མཐའི་རྒན་གསོའི་འཚོ་དངུལ་དང་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ།
       ༡༤  འགན་སྲུང་སྡོད་ཁང་གི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ།
      (༡) ལོ་གསུམ་གྱི་ནང་སྡོད་ཁང་ཐབ་ཆགས་ཁུལ་བསྒྱུར་བཀོད་བྱེད་པའི་འགག་སྒྲོལ་འཆར་གཞི་གསར་པ་ལག་བསྟར་བྱེད་འགོ་བརྩམ་རྒྱུ་དང་། ད་ལོར་ཁང་པ་ཆ་འགྲིག་580སྐྲུན་འགོ་འཛུགས་རྒྱུ། (༢) ཆ་རྐྱེན་ཚང་ཡང་ཁང་པ་མེད་པ་དང་ལས་ཀར་ཞུགས་མ་ཐག་པའི་ལས་བཟོ་པ་དང་ཕྱི་ནས་ཡོང་བའི་ལས་མི་རྣམས་འགན་སྲུང་བྱེད་ཁོངས་སུ་འཇུག་རྒྱུ།
      ༡༥  རོགས་སྐྱོབ་དང་གོད་སོས་ཚད་གཞི་མཐོ་རུ་གཏོང་རྒྱུ།
      གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་། སྤྱི་ཚོགས་རོགས་སྐྱོབ། གོད་སོས་གཟིགས་སྐྱོང་སོགས་ཀྱི་ཚད་གཞི་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ།

རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)