དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ།
རྩོམ་པ་པོ། པདྨ་མཚོ། དུས་ཚོད། 2018-03-08 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 1109

བུད་མེད།

རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་།

རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས།

ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་།

མེད་དུ་མི་རུང་བ་ནི་བུད་མེད་ཡིན།

དགེ་ཆོས་ཀྱིས་གསུངས།

བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་ལ།

བུད་མེད་ནི་འཇིག་རྟེན་ཀྱི་མ་ཡུམ་ཡིན།

བུད་མེད་ནི་དུས་གསུམ་གྱི་བདག་མོ་ཡིན་ལ།

བུད་མེད་ནི་འཛམ་གླིང་གི་ཉི་མ་ཡང་ཡིན།

        ངེད་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་ལས་བཟོ་བ་ཡོངས་བའི་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག།གནམ་འོག་གི་བུད་མེད་ཐམས་ཅད་སྐུ་གཟུགས་གསལ་ཐང་དང་གང་བསམ་ལྷན་འགྲུབ་ཡོང་བར་བཀྲ་ཤིས་སྨོན་འདུན་ཞུ།

 

རྩོམ་སྒྲིག་པ། (པདྨ་མཚོ།)