དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
སྲིད་གཞུང་གི་ལས་དོན་སྙན་ཞུ་ཡིས་ཁྱེད་ལ་སྤྲོད་པའི་ཁེ་ཕན།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-03-09 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 3742

    1.སྨན་བཅོས་འགན་སྲུང་ཐད། ཁྱབ་རྒྱ་ཆེ་བ་དང་ཁ་གསབ་མང་བ།

     གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ལྕིའི་འགན་བཅོལ་གྱི་ཆུ་ཚད་ཇེ་མཐོར་བཏང་ནས་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞིའི་ཐོག་ཏུ་ད་དུང་སྒོར་40འཕར་སྣོན་གཏོང་རྒྱུ་དང་།  ཕྱེད་ཀ་ནད་ལྕིའི་འགན་བཅོལ་ལ་སྤྱོད་རྒྱུ། ཞིང་ཆེན་ལས་བརྒལ་བའི་གཞན་ཡུལ་དུ་སྨན་བཅོས་བྱས་རིགས་ཐད་ཀར་བསྡོམས་རྩིས་རྒྱག་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས། གཞི་རིམ་སྨན་ཁང་དང་ཕྱི་འགྲིམ་ཞིང་པ་ལས་མི། ཕྱི་ནས་ཡོང་བའི་ལས་ཞུགས་དང་ལས་ལམ་གསར་གཏོད་མི་སྣ་སོགས་ཚང་མ་དེའི་ཁོངས་སུ་ཚུད་པ་བྱེད་རྒྱུ། 

     2.དྲ་འཇུག་བྱེད་པའི་ཐད། མྱུར་ཚད་མགྱོགས་ཤིང་གྲོན་དངུལ་ཉུང་བ། 

     དྲ་རྒྱའི་མྱུར་ཚད་མགྱོགས་སུ་གཏོང་ཞིང་གྲོན་དངུལ་ཉུང་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ། མགྱོགས་ཤིང་གཤོང་ཆེའི་དྲ་རྒྱས་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱེད་རྒྱུ། མི་མང་ཚོགས་སར་གྲོན་དངུལ་མི་དགོས་པར་དྲ་འཇུག་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། ཁྱིམ་ཚང་གི་གཤོང་ཆེའི་དྲ་བ་དང་། ཁེ་ལས་ཀྱི་གཤོང་ཆེའི་དྲ་བ། ཆེད་སྤྱོད་དྲྭ་སྐུད་བཅས་ཀྱི་གྲོན་དངུལ་ཉུང་དུ་མངོན་གསལ་གཏོང་རྒྱུ། བཞུར་ཚད་ཀྱི་འཁྱམས་སྤྱོད་གྲོན་དངུལ་མེད་པར་བཟོ་བ། སྤོ་འགུལ་དྲ་རྒྱའི་བཞུར་ཚད་ཀྱི་གྲོན་དངུལ་ལོ་མཇུག་ཚུན་ལ་ཉུང་མཐར་ཡང་30%ཉུང་དུ་གཏོང་རྒྱུ་བཅས་རེད། 

      3.རླངས་འཁོར་གཏོང་བའི་ཐད། ཕྱིར་སྐྱོད་པར་གྲོན་ཆུང་བ་དང་། རླངས་འཁོར་ཉོ་སྟབས་བདེ་བ།

     རིན་བསྡུའི་གཞུང་ལམ་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ་དང་། ལམ་བརྒྱུད་ཟམ་བརྒལ་གྲོན་དངུལ་ཉུང་དུ་གཏོང་རྒྱུ། ནུས་རྒྱུ་གསར་པའི་རླངས་འཁོར་འཁོར་རིགས་ཉོ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་ད་དུང་ལོ་གསུམ་ལ་རིང་དུ་གཏོང་རྒྱུ། ལག་བརྒྱུད་རླངས་འཁོར་གནས་སྤོ་བཀག་སྡོམ་སྲིད་ཇུས་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུ་བཅས་རེད།

     4.ཡུལ་སྐོར་སྐྱོད་པའི་ཐད། སྤྲོ་འཆམ་སྐྱིད་ཅིང་གཏོང་སྒོ་ཉུང་བ། 

     ཁུལ་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གསར་དུ་འཛུགས་སྐྲུན་བྱེད་རྒྱུ་དང་། གཞུང་ཁོངས་མཛེས་ལྗོངས་ཁུལ་གཙོ་བོའི་སྒོ་འཛིན་རིན་གོང་གཅོག་རྒྱུ་རེད། 

     5.ཡོང་འབབ་ཀྱི་ཐད། གླ་ཕོགས་སྤར་བ་དང་ཁྲལ་འཁྲི་ཉུང་དུ་གཏོང་རྒྱུ།

     ལས་འཁྱུར་ངལ་གསོའི་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འཚོ་དངུལ་མུ་མཐུད་ནས་མཐོ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་ལུགས་མཐུན་བྱེད་རྒྱུ། ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་གླ་ཕོགས་དང་ཕོགས་སྣོན་ཁ་གསབ་རོགས་དངུལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དཀའ་ཚེགས་ཆེ་བའི་ས་ཁུལ་དང་དམིགས་བསལ་ལས་གནས་ལ་འཕར་གཟིགས་བྱེད་རྒྱུ།

     སྒེར་གྱི་ཐོབ་ཁྲལ་སྡུད་ཚད་འགོ་འཛུགས་ས་མཐོ་རུ་གཏོང་རྒྱུ་དང་། བུ་ཕྲུག་གི་སློབ་གསོ་དང་ནད་ལྕི་སྨན་བཅོས་སོགས་ཀྱི་ཆེད་དམིགས་གྲོན་དངུལ་འཕྲི་རིགས་མང་དུ་གཏོང་རྒྱུ། ཁུར་པོ་ཡང་དུ་ལུགས་མཐུན་གཏོང་རྒྱུ། མི་དམངས་མང་ཚོགས་ཀྱིས་ངལ་རྩོལ་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་གཏོང་བ་དང་ཕྱུག་འགྱུར་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བྱེད་རྒྱུ་བཅས་རེད། 

    6. དབུལ་སྐྱོར་གྱི་ཐད། དབུལ་ཕོངས་ལས་སྒྲོལ་བར་སྐུལ་སྤེལ་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུ།

     དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་ཀྲུང་དབྱང་ནོར་སྲིད་ཀྱི་གསར་སྣོན་དབུལ་སྐྱོར་མ་དངུལ་འཇོག་གྲངས་དང་འབྲེལ་ཡོད་སྤོ་སྒྱུར་གཏོང་སྤྲོད་དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་ལ་འཕར་གཟིགས་བྱེད་རྒྱུ་དང་། རྒན་རྒོན་དང་དབང་པོ་སྐྱོན་ཅན། ནད་ལྕིའི་ནད་པ་ལ་སོགས་པའི་དམིགས་བསལ་དབུལ་ཕོངས་མི་གྲངས་ལ་དུད་ཁྱིམ་དང་མི་སྣ་རེ་རེ་བཞིན་འགན་སྲུང་བྱ་ཐབས་དོན་འཁྱོལ་བྱེད་རྒྱུ་རེད།

 

 

 

 

 

རྩོམ་སྒྲིག་པ། (པདྨ་མཚོ།)