དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་སྐྱོར་ལས་ཀར་ཆེད་དོན་ཞིབ་འཇུག་བྱས།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་རིང་སྒྲོལ་མ། དུས་ཚོད། 2018-03-12 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 3015

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན།  ཀྲུང་གུང་སེམས་ཀྱི་ཉི་ཟླའི་སྐབས་གཉིས་པའི་གྲོང་ཨུ་ཡིས་ཐེངས་48པའི་རྒྱུན་ལས་ཨུ་ལྷན་ཚོགས་འདུ་འཚོགས་ཏེ།  དབུལ་སྐྱོར་སོགས་འབྲེལ་ཡོད་ལས་ཀར་ཆེད་དོན་ཞིབ་འཇུག་བྱས།   གྲོང་ཨུའི་འགོ་ཁྲིད་གཙོ་བོས་ཚོགས་འདུ་གཙོ་སྐྱོང་བྱེད་པ་མ་ཟད་གསུང་བཤད་གནང་།

        ཚོགས་འདུའི་ཐོག   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་དུ་གཙོ་སྐྱོང་གནང་བའི་གནད་འཕིགས་དབུལ་སྐྱོར་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱོབ་དགོས་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ བློ་མཐུན་ཝང་དབྱང་དང་ཁྲིན་ཧའོ་ཡིས་གནད་འཕིགས་དབུལ་སྐྱོར་གྱི་འབྲེལ་ཡོད་ཚོགས་འདུའི་ཐོག་གི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་བྱེད་པ་དང་།        ཁུལ་དབུལ་སྐྱོར་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱེད།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་2018ལོའི་ཤིན་ཏུ་དབུལ་པོའི་ཐག་གཅོད་དམག་འཐབ་དང་ཁྱོན་ཡོངས་ནས་དབུལ་པོའི་ཞྭ་མོ་ཕུད་པར་རྒྱལ་ཁ་ལེན་པ་ཞེས་པའི་ལས་ཀའི་ཇུས་གཞི་རུ་ཞིབ་འཇུག་བྱེད།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དབུལ་སྐྱོར་གསར་སྤེལ་འཛུགས་སྐྲུན་བཀོད་འདོམས་པུའུ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བར་སྐོར་གྱི་བརྡ་ཐོ་ལ་གྲོས་ཞིབ་བྱེད་པ་རེད།

        གྲོས་ཚོགས་ཐོག་བསྟན་དོན།   སེམས་ཀྱི་ཉི་ཟླ་ནི་ཤིན་ཏུ་དབུལ་པོའི་ས་ཆ་ཡིན་ནས།   གནད་འཕིགས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱོབ་པ་དེ་གལ་ཆེན་གྱི་ཆབ་སྲིད་ལས་འགན་ཞིག་ཡིན་ལ།   གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལོན་དགོས་པ་དང་།   དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་སྤྱི་ཚོགས་དར་འཕེལ་གྱི་གནས་ཚུལ་སྤྱི་ཁོག་ལ་གཅིག་འདོམས་བྱེད་པར་རྒྱུན་འཁྱོངས་བྱེད་དགོས་པ།   བློ་ཐག་ཆོད་པོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱོབ་དགོས།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན།   གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ལས་བགོས་འགན་གཉེར་གྱི་འགོ་ཁྲིད་དང་།   སྡེ་ཚན་སོ་སོས་ཧུར་ཐག་གིས་གོང་ལ་གནས་ཚུལ་ཞུ་དགོས་ཏེ།  འཆར་གཞི་དོན་དུ་འཁྱོལ་བར་བརྩོན་ལེན་བྱེད་དགོས་པ་དང་།    རྨང་གཞིའི་བཀོད་སྒྲིག་འཛུགས་སྐྲུན་ཐོག་ཞིབ་བཤེར་གཏན་འབེབས་ཏན་ཏིག་བྱེད་དགོས།    ནན་ཏན་གྱི་སྲིད་གཞུང་གིས་གཙོ་ཁྲིད་དང་ཁེ་ལས་ཀྱིས་འགན་འཁུར།   ཞིང་དུད་ནང་ཞུགས་ཞེས་པའི་རྩ་དོན་ལ་གཞིར་བཟུང་ནས།   སྲིད་གཞུང་གི་དངུལ་རྩ་འགན་ལེན་ཉེན་ཁ་དམའ་རུ་གཏོང་བ་དང་།   གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ཡག་པོ་བྱེད་དགོས།           

        གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་2018ལོའི་ཤིན་ཏུ་དབུལ་པོའི་ཐག་གཅོད་དམག་འཐབ་དང་ཁྱོན་ཡོངས་ནས་དབུལ་པོའི་ཞྭ་མོ་ཕུད་པར་རྒྱལ་ཁ་ལེན་པ་ཞེས་པའི་ལས་ཀའི་ཇུས་གཞི་མྱུར་དུ་ལེགས་བཅོས་དང་འཐུས་ཚང་དུ་གཏོང་དགོས་པ་དང་།   རིམ་པ་ཁག་དང་སྡེ་ཚན་ཁག་གིས་དངོས་གནས་ཀྱིས་བསམ་བློ་ཇུས་གཞིའི་ཐོག་གཅིག་འགྱུར་བྱེད་དགོས་ཏེ།  ཇུས་གཞི་ལ་གོ་བ་ཟབ་མོ་ལོན་ནས་ལས་ཀ་ཁག་དོན་དུ་འཁྱོལ་བར་སྐུལ་སྤེལ་གཏོང་དགོས།  

 

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)