དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
དྲག་ཆས་ཉེན་རྟོག་དམག་མིས་དགོན་པར་སྨན་རྫས་དང་བདེ་ཐང་སྐྱེལ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་རིང་སྒྲོལ་མ། དུས་ཚོད། 2018-03-13 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 1167

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།  དྲག་ཆས་ཉེན་རྟོག་ཡུན་ནན་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་ཆེད་མཁས་པ་20ལྷག་གིས་སུམ་རྩེན་གླིང་དུ་སྐོར་སྐྱོད་སྨན་བཅོས་དང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཏེ།དགོན་པ་ནང་གི་གྲྭ་བ་དང་མཐའ་འཁོར་གྱི་མང་ཚོགས་ལ་སྨན་བཅོས་བྱེད་པ་མ་ཟད་རིན་མི་དགོས་པར་སྨན་རྫས་སྟེར་བ་རེད།

 

        ཉིན་དེར།  དྲག་ཆས་ཉེན་རྟོག་ཡུན་ནན་སྤྱི་ཁྱབ་རུ་ཁག་སྨན་ཁང་གིས་ཐེངས་འདིའི་བྱེད་སྒོ་ཆེད་དུ་སྒོར་ཁྲི་6ལྷག་གི་སྨན་རྫས་གྲ་སྒྲིག་བྱེད་ཡོདདེ།ཆམ་པའི་སྨན་དང་ཀོ་ཡོལ་སོགས་ཀྱི་སྨན་རྫས་སྣ་མ་སྣ་ཚོགས་ཡོད།

 

        ཤེས་རྟོགས་བྱུང་དོན།   དྲག་ཆས་ཉེན་རྟོག་ཡུན་ནན་སྤྱི་ཁྱབ་རུ་ཁག་གིས་སུམ་རྩེན་གླིང་ལ་སྒོར་ཁྲི་100ལྷག་གི་མ་དངུལ་འཇོག་སྟེ་འཕྲོད་བསྟེན་ཁང་བཙུགས་པ་མ་ཟད།   ལོ་ངོ་10ལྷག་སུམ་རྩེན་གླིང་དགོན་པར་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བར་རྒྱུན་འཁྱོངས་བྱེད་ཡོད་པ་རེད།

 

 

 

        ཉིན་དེར།   སུམ་རྩེན་གླིང་འགྲམ་གྱི་མང་ཚོགས་རྣམས་ཀྱིས་ཀྱང་སྨན་བཅོས་བྱེད་སྒོའི་ཡུལ་དངོས་སུ་སྨན་བཅོས་ཡོང་།   མ་རྒན་ཨ་མོས་ངས་དེ་རིང་དམག་མིའི་སྨན་པ་དགོན་པར་རིན་མི་དགོས་པར་སྨན་བཅོས་ཡོང་བར་ཤེས་ནས་འདིར་ཡོང་བ་ཡིན་ལ།  ནད་བཅོས་ཐོབ་པ་མ་ཟད་ད་དུང་རིན་མི་དགོས་པའི་སྨན་རྫས་འདི་དྲག་མང་པོ་སྟེར་བྱུང་།  དེའི་ཕྱིར་ཏང་དང་སྲིད་གཞུང་ལ་བཀའ་དྲིན་གང་མང་ཞུ་རྒྱུ་ཡིན་ཞེས་ཟེར།

    

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)