དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞི་དོན་འདུག
རྩོམ་པ་པོ། མི་གསལ། དུས་ཚོད། 2018-03-15 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 4201

        ཟླ3པའི་ཚེས་13ཉིན།་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་གནང་རྒྱུའི་རེ་ཞུ་བྱས་འདུག 

        ཇུས་གཞི་དེར་གཞིགས་ན། སྒྱུར་བཅོས་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་རིམ་པའི་ལས་ཁུངས་8ཉུང་དུ་གཏང་རྒྱུ་དང་། པུའུ་རིམ་པ་གཞོན་པའི་ལས་ཁུངས་7ཉུང་དུ་གཏང་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ཕུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་26འཛུགས་རྒྱུ་རེད་འདུག 

        ཞིབ་ཕྲའི་ལེགས་སྒྲིག་བྱེད་ཚུལ་གཤམ་གསལ་ཏེ། 

        གཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ལེགས་སྒྲིག

        1.རང་བྱུང་ཐོན་ཁུངས་པུའུ་འཛུགས་རྒྱུ། 

        རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་། རྒྱལ་ཁབ་རྒྱ་མཚོ་ཅུས། རྒྱལ་ཁབ་ཐིག་རིས་ས་ཁམས་ཆ་འཕྲིན་ཅུས་མེད་པར་བཟོ་རྒྱུ། 

        2.སྣོད་བཅུད་ཁོར་ཡུག་པུའུ་འཛུགས་རྒྱུ། 

        ཁོར་ཡུག་སྲུང་སྐྱོང་པུའུ་མེད་པར་བཟོ་རྒྱུ།  

        3.ཞིང་ལས་གྲོང་གསེབ་པུའུ་འཛུགས་རྒྱུ། 

        ཞིང་ལས་པུའུ་མེད་པར་བཟོ་རྒྱུ།  

        4.རིག་གནས་དང་ཡུལ་སྐོར་པུའུ་འཛུགས་རྒྱུ། 

        རིག་གནས་པུའུ་དང་རྒྱལ་ཁབ་ཡུལ་སྐོར་ཅུས་མེད་པར་བཟོ་རྒྱུ།  

        5.རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། 

        རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ཡོན་ལྷན་ཁང་མེད་པར་བཟོ་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་མེད་པར་བཟོ་རྒྱུ། 

        6.དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ་འཛུགས་རྒྱུ། 

        7.འཕྲལ་སྡོམ་དོ་དམ་པུའུ་འཛུགས་རྒྱུ། 

        རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མེད་པར་བཟོ་རྒྱུ། 

        8.ཚན་རིག་ལག་རྩལ་པུའུ་བསྐྱར་དུ་འཛུགས་རྒྱུ། 

        9.ཁྲིམས་འཛིན་པུའུ་བསྐྱར་དུ་འཛུགས་རྒྱུ། 

        རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་མེད་པར་བཟོ་རྒྱུ། 

        10.ཆུ་བེད་པུའི་འགན་འཁྲི་ལེགས་སུ་གཏོང་རྒྱུ། 

        རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲི་ཆུའི་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ལྷན་དང་དེའི་གཞུང་ལས་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་ཨུ་ལྷན་དང་དེའི་གཞུང་ལས་ཁང་མེད་པར་བཟོ་རྒྱུ།  

        11.རྩིས་བཤེར་ཧྲུའི་འགན་འཁྲི་ལེགས་སུ་གཏོང་རྒྱུ། 

        གཞུང་ཁོངས་ཀྱི་གཙོ་གནད་ཁེ་ལས་ཆེ་རིགས་ཀྱི་ལྟ་ཞིབ་ལྷན་ཚོགས་མེད་པར་བཟོ་རྒྱུ། 

        12.ལྟ་ཞིབ་པུའུ་གསར་དུ་བཙུགས་པའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་འཇུག་རྒྱུ། 

        ལྟ་ཞིབ་པུའུ་དང་རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་མེད་པར་བཟོ་རྒྱུ། 

        སྒྱུར་བཅོས་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ཕུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་26འཛུགས་རྒྱུ། 

        སྒྱུར་བཅོས་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན། 

        (རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་གྲོས་ཞིབ་བྱས་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་སྐོར་གྱི་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་གཞིའི》གྲོས་གཞི་གཞིར་བཟུང)

ཕྱི་འབྲེལ་པུའུ། 

རྒྱལ་སྲུང་པུའུ། 

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། 

སློབ་གསོ་པུའུ།

ཚན་རིག་ལག་རྩལ་པུའུ།

 བཟོ་འཕྲིན་པུའུ།

 རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན།

སྤྱི་བདེ་པུའུ།

རྒྱལ་ཁབ་བདེ་འཇགས་པུའུ།

དམངས་སྲིད་པུའུ། 

ཁྲིམས་འཛིན་པུའུ།

ནོར་སྲིད་པུའུ།

མི་སྤྱི་པུའུ།

རང་བྱུང་ཐོན་ཁུངས་པུའུ།

སྣོད་བཅུད་ཁོར་ཡུག་པུའུ། 

སྡོད་ཁང་འཛུགས་སྐྲུན་པུའུ།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།

ཆུ་བེད་པུའུ།

ཞིང་ལས་གྲོང་གསེབ་པུའུ།

ཚོང་དོན་པུའུ། 

རིག་གནས་དང་ཡུལ་སྐོར་པུའུ། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། 

དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ། 

འཕྲལ་སྡོམ་དོ་དམ་པུའུ། 

ཀྲུང་གོ་མི་དམངས་དངུལ་ཁང་།

རྩིས་བཤེར་ཧྲུའུ། 

 

        (རྒྱལ་སྲིད་སྤྱི་ཁྱབ་ཁང་རྩ་འཛུགས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ལེགས་སྒྲིག་དང་གསར་འཛུགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་གྲོས་ཞིབ་དང་ཆོག་མཆན་འགོད་རྒྱུར་འབུལ་དགོས)

        གཉིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་གཞན་དག་ལེགས་སྒྲིག 

        1.རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཛུགས་རྒྱུ།

        རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་དང་། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ནད་ཡམས་བརྟག་ཞིབ་ཅུས། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མེད་པར་བཟོ་རྒྱུ།

        2.རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་འཛུགས་རྒྱུ།

        རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་མེད་པར་བཟོ་རྒྱུ།

        3.ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་འཛུགས་རྒྱུ།

        ཀྲུང་གོ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་མེད་པར་བཟོ་རྒྱུ། 

        4.རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་འཛུགས་རྒྱུ།

        5.རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་འཛུགས་རྒྱུ།

        6.རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་ཉར་ཅུས་འཛུགས་རྒྱུ།

        རྒྱལ་ཁབ་འབྲུ་རིགས་ཅུས་མེད་པར་བཟོ་རྒྱུ།

        7.རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་འཛུགས་རྒྱུ།

        8.རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་འཛུགས་རྒྱུ།

        རྒྱལ་ཁབ་ནགས་ལས་ཅུས་མེད་པར་བཟོ་རྒྱུ།

        9.རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་བསྐྱར་དུ་འཛུགས་རྒྱུ།

        10.རྒྱལ་ཡོངས་སྤྱི་ཚོགས་འགན་ལེན་ཐེབས་རྩའི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་འབྲེལ་བ་ལེགས་སུ་གཏོང་རྒྱུ། 

        11.རྒྱལ་ཁྲལ་དང་ས་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་སྒྱུར་བཅོས། ཞིང་ཆེན་རིམ་པ་དང་ཞིང་ཆེན་རིམ་པ་མན་གྱི་རྒྱལ་ཁྲལ་དང་ས་ཁྲལ་ལས་ཁུངས་ཟླ་སྒྲིལ་གཏོང་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཕུད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་ལས་ཁུངས་ལེགས་སྒྲིག་དང་གསར་འཛུགས་ལ་གསར་དུ་གྲུབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ་རེད་འདུག

         (བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར་ནས།)

 

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)