དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ལོ་རྒྱུས་མདོར་བསྡུས།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-03-16 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 5630

དབང་དབྱང་།
    

     ཕོ། རྒྱ་རིགས། 1955ལོའི་ཟླ་བ་གསུམ་པར་འཁྲུངས། ཨན་ཧུའེ་སུའུ་ཀྲོའུ་ནས་ཡིན་པ། 1972ལོའི་ཟླ་བ་དྲུག་པར་ལས་ཀར་ཞུགས། 1975ལོའི་ཟླ་བ་བརྒྱད་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གྲྭ་ཆེ་མོ་བའི་སློབ་རྒྱུས་ལྡན། བཟོ་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ།
     ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཀྲུའུ་ཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མིའི་འགན་བཞེས་བཞིན་ཡོད།
     1972ལོ་ནས་1976ལོ་བར་ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཁུལ་བཟའ་བཅའ་བཟོ་གྲྭའི་བཟོ་པ་དང་འཁོར་ཁང་གི་འགན་འཁུར་བ་གནང་།
     1976ལོ་ནས་1979ལོ་བར་ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཁུལ“ལྔ་བདུན”ལས་བྱེད་སློབ་གྲྭའི་དགེ་རྒན་དང་། སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ། སློབ་གྲྭའི་ཏང་ཨུད་ཀྱི་ཨུ་ཡོན་བཅས་གནང་།
     1979ལོ་ནས་1980ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ལས་བྱེད་འཛིན་གྲྭར་ཆབ་སྲིད་དང་དཔལ་འབྱོར་རིག་པའི་ཆེད་ལས་སློབ་སྦྱོང་གནང་།
     1980ལོ་ནས་1981ལོ་བར་ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་གནང་།
     1981ལོ་ནས་1982ལོ་བར་གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཆེན་སུའུ་རྫོང་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
     1982ལོ་ནས་1983ལོ་བར་གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གནང་།
     1983ལོ་ནས་1984ལོ་བར་གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
     1984ལོ་ནས་1987ལོ་བར་ཨན་ཧུའེ་ཞིང་ཆེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་གནང་།
     1987ལོ་ནས་1988ལོ་བར་ཨན་ཧུའེ་ཞིང་ཆེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གནང་།
     1988ལོ་ནས་1992ལོ་བར་ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལས་ཚབ་ཧྲི་ཀྲང་། ཧྲི་ཀྲང་བཅས་གནང་། (དེའི་རིང་1989ལོ་ནས་1992ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་གི་དངོས་གཞིའི་ཚན་ཁག་འཛིན་གྲྭར་ཏང་སྲིད་དོ་དམ་ཆེད་ལས་ཀྱི་ལས་ཐོག་སློབ་སྦྱོང་གནང)
     1992ལོ་ནས་1993ལོ་བར་ཨན་ཧུའེ་ཞིང་ཆེན་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའི་ཧྲུའུ་ཅི། ཧྲེང་ཀྲང་ལས་རོགས་གནང་།
     1993ལོ་ནས་1993ལོ་བར་ཨན་ཧུའེ་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་གནང་།
      1993ལོ་ནས་1998ལོ་བར་ཨན་ཧུའེ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཧྲེང་ཀྲང་གཞོན་པ་གནང་། (དེའི་རིང་1993ལོ་ནས་1995ལོ་བར་ཀྲུང་གོ་ཚན་རྩལ་སློབ་ཆེན་དོ་དམ་ཚན་རིག་ཚན་ཁག་གི་དོ་དམ་ཚན་རིག་ཆེད་ལས་ཞིབ་འཇུག་སློབ་མའི་སློབ་ཚན་འཛིན་གྲྭར་ལས་ཐོག་སློབ་སྦྱོང་གནང་བ་དང་བཟོ་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ) 1997ལོའི་ཟླ་བ་གསུམ་པ་ནས་1997ལོའི་ཟླ་བ་ལྔ་པ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་གཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།
    1998ལོ་ནས་1999ལོ་བར་ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་གཞོན་པ་གནང་།
    1999ལོ་ནས་2003ལོ་བར་རྒྱལ་ཁབ་འཕེལ་རྒྱས་འཆར་གཞི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའི་ཁོངས་མི་གནང་། (དེའི་རིང་2001ལོའི་ཟླ་བ་དགུ་པ་ནས་2001ལོའི་ཟླ་བ་བཅུ་གཅིག་པ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་གཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)
     2003ལོ་ནས་2005ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་དང(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་རྒྱུན་ལས་ལས་ཀའི་འགན་བཞེས་པ་དང་པུའུ་ཀྲང་རྒན་པའི་རིམ་པ་ཡིན་པ)ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་གནང་།
     2005ལོ་ནས་2006ལོ་བར་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
     2006ལོ་ནས་2007ལོ་བར་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།
     2007ལོ་ནས་2007ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གནང་།
     2007ལོ་ནས་2012ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང་།
     2012ལོ་ནས་2013ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གནང་།
     2013ལོ་ནས་2017ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི་གནང་།
     2017ལོ་ནས་2018ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི་གནང་།
     2018ལོ་ནས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཀྲུའུ་ཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཁོངས་མི་བཅས་གནང་།
     ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཀྲུའུ་ཞི་བཅས་གནང་།

རྩོམ་སྒྲིག་པ། (པདྨ་མཚོ།)