དབུ་ཤོག >> མི་རིགས་ཆོས་ལུགས། >> ཡུལ་སྲོལ་གོམས་གཤིས།
རྒྱལ་ཐང་གི་གཞས་ཚིག་ཁག་གཉིས།
རྩོམ་པ་པོ། བསོད་ནམས་ནོར་བུ་དང་ཚེ་རིང་ཉི་མ། དུས་ཚོད། 2018-03-19 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 244

དེ་ལས་སྐྱིད་ཅིག་གར་ཡོད།།

ཉི་མ་ཟླ་བ་སྐར་མ།།

ཨ་སྔོན་གནམ་གྱི་རྒྱན་ཆ།།

འོད་ཟེར་མཉམ་གསལ་བྱེད་བྱུང་།།

དེ་ལས་སྐྱིད་ཅིག་གར་ཡོད།།

 

ལྷོ་སྤྲིན་གཡུ་འབྲུག་སྦྲང་ཆར།།

བར་ཁམས་ཡངས་པའི་རྒྱན་ཆ།།

ས་ལ་ལྗང་ཞིག་འཁྲུངས་བྱུང་།།

དེ་ལས་སྐྱིད་ཅིག་གར་ཡོད།།

 

ཕ་དང་ཨ་ཁུ་བུ་ཚ།།

འཛམ་གླིང་སྲིད་པའི་རྒྱན་ཆ།།

ཐབས་ཤེས་དགྲ་བཞི་འདུལ་བྱུང་།།

དེ་ལས་སྐྱིད་ཅིག་གར་ཡོད།།

 

མ་དང་ཨ་སྲུ་མོ་སྨན།།

གནས་གཞི་ཁྱིམ་གྱི་རྒྱན་ཆ།།

ཇ་ཆང་སྐྱེམས་པའི་ཕུལ་བྱུང་།།

དེ་ལས་སྐྱིད་ཅིག་གར་ཡོད།།

 

 

འཛོམས་འོང་སེམས་པ་མ་བྱུང་།། 

ཐག་རིང་འོངས་པའི་ཆུང་འདྲིས།།

ལྟ་ཤིང་ལྟ་ལ་མཛེས་བྱུང་།།

ཤ་མདོག་དུང་ལས་དཀར་བྱུང་།། 

ཞལ་རས་མཚལ་ལས་དམར་བྱུང་།།

 

བརྒྱན་གོས་འཇའ་འོད་འཁྱིལ་འདྲ།།

མཛེས་པོའི་པད་མ་འདྲ་བྱུང་།།

འདི་འདྲ་ཆུང་འདྲིས་མཛེས་པོ།།

འཛོམས་འོང་སེམས་པ་མ་བྱུང་།།

 

 

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)