དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
དཔྱིད་ཀྱི་དུས་སུ་དོ་མཉམ་པའི་འཚོ་བ་རོལ་ན་བཟང་།
རྩོམ་པ་པོ། ཨ་ལོ། དུས་ཚོད། 2018-03-27 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 251

     དཔྱིད་མཉམ་དུས་ཀྱི་སོ་ནམ་འགོ་ཚུགས་དུས།   སྐད་ཅིག་ཙམ་ཡང་གསེར་སྲང་སྟོང་ལས་ལྷག དཔྱིད་མཉམ་ནི་སོ་ནམ་གྱི་དུས་ཚིགས་གལ་ཆེན་ཞིག་ཡིན་ཏེ། རང་རྒྱལ་གྱི་ས་ཆ་མང་ཆེ་ཤོས་ཀྱི་སོ་ནམ་གྱི་ལོ་ཏོག་འདེབས་པའི་དུས་ཚིགས་ལ་སླེབས་ཡོད། སེམས་ཀྱི་ཉི་ཟླའི་མཐོ་སྒང་ལའང་དཔྱིད་ཤར་འགོ་ཚུགས་ནས། སོ་ནམ་པ་རྣམས་ཀྱིས་དཔྱིད་ཀྱི་རྨོ་འདེབས་ལ་གྲ་སྒྲིག་བྱེད་བཞིན་འདུག   དོ་མཉམ་པའི་དུས་ཚིགས་ལ་དོ་མཉམ་པའི་ཁམས་གསོ་མཁོ་བས། མཐོ་སྒང་གི་ནམ་ཟླ་རེས་དྲོ་རེས་འཁྱག་ཡིན་ཕྱིར། ད་དུང་དྲོས་འཁྱག་ལ་གཟབ་དགོས་ས་རེད། ཟླ་བ་གཉིས་པར་བལ་གོས་མཐུག་པོ་མ་དོར་རོགས། ཟླ་བ་གསུམ་པར་ད་དུང་ཁ་བའི་འདབ་མ་ཡོད་ཅེས་པ་ནི་དཔྱིད་ཀ་དྲོན་པོ་བྱེད་དགོས་པའི་དོན་རེད། དཔྱིད་ཀ་དྲོན་པོ་བྱེད་དགོས་ས་གཙོ་བོ་མགོ་དང་རྐང་པ་གཉིས་དྲོན་པོ་བྱ་དགོས་པ་ཡིན། དེ་ལྟར་བྱས་ན་ད་གཟོད་ཆམ་ནད་དང་མིད་པའི་ཚ་ནད། གྲུམ་བུ་སོགས་ནད་ཡམས་ཀྱི་གནོད་འཚེ་ལ་སྔོན་འགོག་བྱེད་ཐུབ། དཔྱིད་ཀ་དྲོན་པོ་བྱེད་དུས་ད་དུང་ལུས་པོའི་སྟོད་སྲབ་སྨད་མཐུག་བྱས་ཆོག   སྙིང་གི་ཁོག་སྟོད་ཁོག་སྨད་ཀྱི་ཁྲག་གི་འཁོར་རྒྱུག་དེ་ཁོག་སྟོད་ལས་ཁོག་སྨད་ཞན་པས། དོར་མ་ཅུང་མཐུག་པོ་གྱོན་དགོས། 

        གྱོན་གོས་ལ་གཟབ་དགོས་པ་ལས་གཞན། ད་དུང་བཟའ་བཏུང་གི་ཕྱོགས་ནས་ཀྱང་གཟབ་དགོས། དཔྱིད་མཉམ་གྱི་དུས་ལ། མི་ལུས་ཀྱི་ཟུངས་ཁྲག་ཤིན་ཏུ་དར་ཡོད་པའི་དུས་ཡིན་ལ། སྐུལ་རྒྱུ་ཡི་ཆུ་ཚད་ཀྱང་ཆེས་མཐོ་བའི་དུས་ཡིན་པས་ཁྲག་ཤེད་མཐོ་བ་དང་། གཞང་འབྲུམ། དེ་བཞིན་དུ་གཉན་ཚད་ཅན་གྱི་ནད་ཡམས་སོགས་འབྱུང་སླ་བ་ཡིན་པས། བཟའ་བཏུང་ཡང་རང་རང་གི་ཁམས་དང་བསྟུན་ནས། ལུས་ཟུངས་ཀྱི་ནུས་སྟོབས་མཐུན་སྦྱོར་དང་སྙོམས་སྒྲིག་བྱེད་ཐུབ་པའི་བཟའ་བཅའ་བདམས་ན་ལེགས་ཤིང་། རོ་ཚ་བ་དང་མངར་བའི་ཟས་མང་པོ་བསྟེན་དགོས་ལ། དྲོད་ཆེ་བ་དང་ཅུང་གྲང་བའི་རིགས་ཀྱི་ཟ་མ་གཏན་ནས་བཟའ་མི་རུང་། ཙོང་དང་ལྒ་སྐྱ་སོགས་རོ་ཚ་བ་ཡོད་ཚད་དཔྱིད་དུས་ཀྱི་ཟས་མཆོག་ཡིན།  

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)